དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-12 08:42:32   |   3829

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས10ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཞི་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་དུ་སྔ་རྗེས་སུ་འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་ཅིའུ་ཅང་གྲོང་ཁྱེར་དུམ་བུ་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཅིའུ་ཅང་ཡན་ལག་སྤྱི་གཉེར་དུ་རྟོག་ཞིབ་གནང་བ་དང་། ས་གནས་དེ་གའི་འབྲི་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་དང་། འབྲི་ཆུའི་འགྲམ་ངོགས་ཀྱི་སྐྱེ་ཁམས་སླར་གསོ། རྡོ་སྣུམ་རྫས་འགྱུར་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ལྗང་མདོག་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་། 

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཞུགས་རྒྱུ་དང་འབྲེལ་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་རེད། 

  • ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀུན་ཕན་དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དཔར་འགྲེམ་བྱས། 

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་སུ་དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་ཆག་ཡང་། ཁྲལ་སློག་གྲོན་བཅས་དངུལ་སྒོར་དུང་ཕྱུར་ཁྲི1.15ལས་བརྒལ་ཡོད། 

    2.jpg

  • ཧང་ཀྲོའུ་ཡི་ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་ཚེས11ཉིན་པེ་ཅིང་དུ་བཙུགས་པ་དང་། འཐུས་མི་ཚོགས་པ་རྣམ་གྲངས་ཆེ་གྲས22ཚང་མའི་འགྲན་སྡུར་ནང་ཞུགས་རྒྱུ་རེད། 

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་བརྒྱད་པའི་བར། རང་རྒྱལ་གྱིས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི9.7གསར་སྐྲུན་དང་བསྐྱར་སྐྲུན་བྱས་ནས། ལོ་ཧྲིལ་པོའི་དམིགས་ཚད་ཀྱི75%ལེགས་གྲུབ་བྱུང་ཡོད། 

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་རླངས་འཁོར་ཁྲོམ་ར་སྤྱི་ཡོངས་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས། རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་སོ་སོར་དུས་མཚུངས་ལས7.3%དང8.2% འཕར་ཡོད། 

  • ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་རེས་སྐོར་གསར་པའི་གཞི་ཁྱོན་ཆེ་བའི་གདོང་ཐུག་བྱུང་ནས་དབྱི་སི་རལ་གྱིས“དམག་འཁྲུག་གི་གནས་ཚུལ”དུ་སླེབས་པ་ཁྱབ་བསྒྲགས་བྱས་འདུག ཉེ་དུས་རང་མོས་ངང་རྒྱལ་ནང་དུ་ལོག་པའི་ཀྲུང་གོའི་སྤྱི་དམངས་བདེ་བླག་ངང་མངའ་ཁོངས་ནས་ཁ་འབྲལ་བའི་འཆར་གཞི་སྟབས་བདེ་ཡོང་ཆེད། དབྱི་སི་རལ་དུ་བཅའ་སྡོད་གྱི་རང་རྒྱལ་གཞུང་ཚབ་ཁང་གིས་དབྱི་སི་རལ་གྱི་མངའ་ཁོངས་ནས་ཁ་འབྲལ་བའི་འགྲིམ་འགྲུལ་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཡོད། 

  • ཚེས10ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས78པའི་ཐོག་ཀྲུང་གོ་ཚུད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི15བདམས་ཐོན་བྱུང་བ་དང་། ད་ལོའི་ལོ་མཇུག་ཏུ་འགན་ཡུན་མཇུག་སྒྲིལ་རྒྱུ་ཡིན་པའི་ཁོངས་མིའི་ཚབ་བྱ་རྒྱུ་རེད། 

    སྤྱི་ཚོགས།

  • སྔོན་དཔག་བྱས་ན་ཚེས15ཉིན་གྱི་སྔ་རྗེས་སུ། མཁའ་རླུང་གྲང་མོ་གསར་པ་དེས་རང་རྒྱལ་བྱང་ཕྱོགས་ཀྱི་བྱང་ཁུལ་ལ་ཤུགས་རྐྱེན་ཐེབས་རྒྱུ་དང་། ཞིན་ཅང་ས་ཁུལ་གྱི་དྲོད་ཚད་ཆག་ཚད10℃ལས་བརྒལ་རྒྱུ་དང་། ཧྭ་བྱང་དང་བྱང་ཤར་སོགས་སུ་དྲོད་ཚད6℃ནས8℃བར་ཆག་རྒྱུ་རེད། 

    3.jpg

  • ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱི་དྲ་བས་ཚད་འཇལ་བྱས་པ་ལྟར་ན། ཚེས11ཉིན་གྱི་དུས་ཚོད18སྐར36སྟེང་། ཐའེ་ཝན་ཧྭ་ལན་རྫོང་དུ་ས་ཡོམ་རིམ་པ5.4བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི14ཡིན། 

  • ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས། ཅང་ཞི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་དབྱིན་མེ་ཀེན་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུ་གཏན་འབེབས་བྱས་ཡོད། 

  • ཚེས11ཉིན་ཨོ་སི་ཁྲུ་ལི་ཡ་ནས་ཡིན་པའི་ཁྲེང་ལེ་ཁྲིམས་ཆད་འཁུར་ཡུན་ལོངས་བས། པེ་ཅིང་གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་ཅུས་ཁྲིམས་ལྟར་རྒྱལ་མཚམས་ནས་ཕྱིར་འབུད་བྱས། 

  • ཚེས11ཉིན་ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་འོད་རྡུལ255ཡི་ཚད་རྡུལ་རྩིས་རྒྱག་འཕྲུལ་འཁོར“ལེའུ་དགུ་གསུམ་པ(九章三号)”རྒྱལ་ཁའི་ངང་བསྐྲུན་པ་ཁྱབ་བསྒྲགས་བྱས། 

    5.jpg

  • ཚེས11ཉིན་རྒྱལ་ནང་གི་ཆིང་འབར་རྫས་གློག་རྫས་ཀྱི་སྒུལ་ཤུགས་དཔེ་སྟོན་གྲུ་གཟིངས་ཐོག་མ“འགག་གསུམ་ཆིང་གྲུ་དང་པོ”དེ་འགྲུལ་བཞུད་ཐོག་མ་ལེགས་གྲུབ་བྱུང་། 

  • སི་ཁྲོན་གྱི་སྐུ་བླ་རི་བོའི་མཛེས་ལྗོངས་ཁུལ་དུ་བརྡ་ཁྱབ་བཏང་བ་ལྟར་ན། ཝང་ཆེ་གེ་མོ་དང་ཚའེ་ཆེ་གེ་མོ་གཉིས་ཀྱིས་སྒྲིག་འགལ་ངང་རྐང་ཐང་དུ་སྐྱོད་པའི་བྱེད་སྒོ་སྤེལ་བས། རི་གཤམ་དུ་བསྐྱབས་རྗེས། ཚེ་གང་རིང་ཁོ་གཉིས་མཛེས་ལྗོངས་ཁུལ་དུ་སྐྱོད་རྒྱུ་གཏན་འགོག་བྱས། 

    4.jpg

  • ཚེས11ཉིན་ཅང་ཞི་ཧྥུ་ཀྲོའུ་སྤྱི་བདེ་ཉེན་རྟོག་རྟགས“110933”སླར་གསོ་བྱས་ནས། ཧུའུ་ཡ་ནན་གྱིས་གཞུང་དོན་དུ་རང་སྲོག་བློས་བཏང་བའི་ཨ་ཕ་ཧུའུ་པིན་དབྱང་གི་ཉེན་རྟོག་རྟགས་རྒྱུན་འཛིན་བྱས་ཏེ། ཨ་ཕས་ལེགས་གྲུབ་མ་བྱུང་བའི་ལས་འགན་མུ་མཐུད་བསྒྲུབ་རྒྱུ་རེད། 

    སྲིད་ཇུས།

  • རྒྱལ་ཁབ་རིག་དངོས་ཅུས་ཡིག་ཆ་བཀྲམ་ནས། གསར་བརྗེ་བྱ་ཡུལ་གྱིས་གསར་བརྗེའི་ལོ་རྒྱུས་གསལ་བཤད་བྱེད་སྐབས་ཟློས་གར་གྱིས་གསར་བརྗེའི་ལོ་རྒྱུས་བཤད་རྒྱུ་གཏན་འགོག་བྱེད་དགོས་ཚུལ་བཤད་ཡོད། 

  • སྐྱེ་ཁམས་ཁོར་ཡུག་པུས་ཡིག་ཆ་བཀྲམ་ནས། 2025ལོའི་གོང་དུ་བཟོ་ལས་ཀྱི་འཛེར་སྒྲ་བཙོག་འབུད་ཆོག་འཐུས་ལག་ཁྱེར་ནང་བཅུག་ནས་དོ་དམ་བྱ་རྒྱུ་གཏན་འབེབས་བྱས་ཡོད། 

  • ཧོ་པེས2023ལོའི་ལོ་འཁོར་གྱི་ལས་རྨས་གུན་སྐྱོབ་ཐོབ་ཐང་ལེགས་སྒྲིག་བྱས་པའི་ནང་རྨས་སྐྱོན་རིམ་པ་དང་པོའི་ཁ་གསབ་མི་རེར་ཟླ་རེར་སྒོར380མང་དུ་གཏོང་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

    6.jpg

  • བོད་ལྗོངས་ཀྱི་ཤར་རྒྱུད་དང་མཚོ་སྔོན་གྱི་ས་ཆ་མང་ཆེ་བ། ཀན་སུའུ་ཡི་ནུབ་རྒྱུད། སི་ཁྲོན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འབབ་ཀྱི་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་ཀྱི་འདུག བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཀན་སུའུ་ལྷོ་རྒྱུད། ཧྲའན་ཞིའི(陕西)ལྷོ་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད་དང་ཤར་རྒྱུད། ཡུན་ནན་གྱི་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།