དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

མདོ་ལ་རྫོང་རྫ་དམར་ཡུལ་ཚོའི་ཆུ་བྱང་གྲོང་ཚོའི་ཞིང་ཁྱིམ་དཔེ་ཁང་ལ་མཚན་སྙན་འདི་ཐོབ་འདུག

2023-10-11 14:38:37   |   4154

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཉེ་ཆར། མདོ་ལ་རྫོང་རྫ་དམར་ཡུལ་ཚོའི་ཆུ་བྱང་གྲོང་ཚོའི་ཞིང་ཁྱིམ་དཔེ་ཁང་ལ“སློབ་སྦྱོང་བྱས་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་སློབ་སྦྱོང་ལས་སྟེགས”དང“ཀྲུང་གོའི་བསམ་པའི་དཔལ་ཡོན་དྲ་བས”“དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་གཉིས་པའིཞིང་ཁྱིམ་དཔེ་ཁང་མཛེས་ཤོས”ཀྱི་གཟི་བརྗིད་མཚན་སྙན་སྤྲད་འདུག  

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་རྫ་མདར་ཡུལ་ཚོའི་ཆུ་བྱང་གྲོང་ཚོའི་ཞིང་ཁྱིམ་དཔེ་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་དང་པོའི་ཐོག་གནང་བའི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ནན་ཏན་དང་། ཞིང་ཁྱིམ་དཔེ་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། དོ་དམ་ལམ་ལུགས་འཐུས་ཚང་བཟོས་པ། རྒྱུན་རྣམ་ཅན་གྱི་དཔེ་ཀློག་བྱ་འགུལ་སྤེལ་བས་ཞིང་ཁྱིམ་དཔེ་ཁང་གི་སྤྱོད་གོ་ཆོད་ཚད་མུ་མཐུད་དུ་གོང་མཐོར་བྱུང་བ་དང་། དཔེ་ཁང་གི་དཔེ་ཀློག་བྱ་འགུལ་བརྒྱུད་དེ་དཔེ་ཀློག་ལ་སྤྲོ་སེམས་ཡོད་པ་དང་དཔེ་ཆ་བཟང་པོ་ཀློག་པ། དཔེ་ཆ་ཀློག་ཤེས་པའི་དཔེ་ཀློག་གི་གོམས་སྲོལ་བཟང་པོ་ཞིགས་ཆགས་ནས་མཛེས་སྡུག་གྲོང་ཚོ་འཛུགས་སྐྲུན་ལ་ཧུར་ཐག་གི་ནུས་པ་བཏོན་ཡོད།