དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

མདོ་ལ་རྫོང་ལ་མཚོ་སྔོན་ཞིང་ཆེན་གྱི“ཚན་རིག་ཁྱབ་གདལ་ཕུལ་བྱུང་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ།

2023-03-31 17:09:56   |   925

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་། 


      2023ལོའི་ཟླ3ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཐིང་གིས2022ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་ཚན་རིག་ཁྱབ་གདལ་བྱེད་སྒོའི་ཕུལ་བྱུང་དཔྱད་འདེམས་བྱས་འབྲས་ཀྱི་བརྡ་ཐོ་ཁྱབ་བསྒྲགས་བྱས་ཤིང་། མདོ་ལ་རྫོང་ལ་ཞིང་ཆེན་ཡོངས་ཀྱི“ཚན་རྩལ་ཁྱབ་གདལ་ལས་དོན་གྱི་ཕུལ་བྱུང་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ།

      ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས“རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྫོང”གཏོད་པའི་སྤྱིའི་དམིགས་ཚད་ལ་དམིགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་དང་། རྫོང་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་ལས་དོན་གྱི་ཐོན་ཁུངས་གཅིག་ཏུ་འགྲིལ་ཞིང་། ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བཞིན། བྱེད་ཐབས་སྣ་ཚོགས་སྤྱད་དེ་སྤྱི་ཚོགས་ཅན་གྱི་ཚན་རིག་ཁྱབ་གདལ་ལས་དོན་གྱི་རྣམ་པ་ཆེན་པོ་ཞིག་གཏོད་པ་དང་། ཨང་དང་པོ་བརྩོན་ལེན་དང་མདུན་གྲལ་དུ་སྐྱོད་པའི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། རྫོང་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པས་རང་རྟོགས་ངང་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་འཕེལ་གྱི་འགན་འཁྲི་ཕྲག་ཏུ་འཁུར་རྒྱུར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ལ། ཚན་རྩལ་གསར་གཏོད་དང་ཚན་རིག་དང་མཐུན་པའི་ངང“གཞོགས་གཉིས་མཉམ་དུ་འཕུར་རྒྱུར”སྐུལ་འདེད་ཧུར་ཐག་བཏང་ནས། གཙོ་གནད་ལས་འགན་ཁག་ལ་སྐུལ་སྤེལ་བྱས་ཡོད། 2021ལོར། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་མདོ་ལ་རྫོང་ལ་རྒྱལ་ཡོངས་ཕུལ་བྱུང་ཚན་རིག་ཁྱབ་གདལ་དཔེ་སྟོན་རྫོང་གི་གཟི་བརྗིད་མཚན་སྙན་གནང་། ལོ་དེར། མདོ་ལ་རྫོང2021ལོ་ནས2025ལོ་བར་གྱི་ཁག་དང་པོའི་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གཏོད་པའི་ལས་ཁུངས་ཀྱི་མིང་ཐོའི་གྲས་སུ་བདམས་ཐོན་བྱུང་།

      གོམ་སྟབས་རྗེས་མར། མདོ་ལ་རྫོང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས》དང《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་སྤྱོད་ཀྱི་འཆར་གཞིའི་རྩ་གནད》ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུ་མ་ཟད། རྫོང་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་རྩ་འཛུགས་དང་། ཚན་རྩལ་ཁྱབ་གདལ་དཔུང་སྡེ། ཚན་རྩལ་ཁྱབ་གདལ་གཡུལ་ས་བཅས་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་ཤིང་། ཚན་རིག་ཤེས་བྱ་ཁྱབ་གདལ་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས་དར་སྤེལ། ཚན་རིག་གི་བསམ་བློ་ཁྱབ་སྤེལ། ཚན་རིག་གི་སྙིང་སྟོབས་དར་སྤེལ་བཅས་བྱས་ནས། ཏང་ཨུས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་སྐུལ་འདེད་གཏོང་བ། ལས་ཁུངས་ཀྱིས་མཉམ་ལས་བྱེད་པ། སྤྱི་ཚོགས་ཀྱིས་ཐེ་ཞུགས་བྱེད་པ་བཅས་ཀྱི་ཚན་རིག་ཁྱབ་གདལ་གྱི་ལས་ཀའི་རྣམ་པ་ཞིག་ཆགས་དགོས་ལ། ངོས་འཛིན་སྔར་བས་ཇེ་མཐོ་དང་། འགན་འཁྲི་ཁ་གསལ། དུས་བསྟུན་འཕེལ་རྒྱས། གསར་གཏོད་གསར་འཛུགས་བཅས་བྱས་ནས་རྫོང་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ལས་དོན་གྱི་ཆུ་ཚད་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་བརྟན་ཐོག་ཡར་འཕེལ་མགྱོགས་ཙམ་ཡོང་ཆེད་བྱས་རྗེས་འབུལ་ངེས།