དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-04 10:08:59   |   244

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ལོ་ཙྭ། ཁོན་ཐར་ཚེ་རིང་། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


        གསར་འགྱུར་གལ་ཆེན།

  •     རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོའི་དུས་ཚོད3ཐོག་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་རྒྱུ་ཡིན་པ་དང་། ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོར་མཇུག་བསྡུ་རྒྱུ་རེད། འཚོགས་ཡུན་ཉིན7དང་ཕྱེད་ཀ་ཡིན།

  •    ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་བློ་མཐུན་ཁྲེན་ཏུང་དང་ལིའུ་དབྱང་ལ་“རིམ་པ་གཉིས་པའི་འཇིག་རྟེན་འཕུར་སྐྱོད་བྱས་རྗེས་གཟེངས་རྟགས”དང་། བློ་མཐུན་ཚའེ་ཞུས་ཀྲི་ལ“དཔའ་ངར་འཇིག་རྟེན་འཕུར་སྐྱོད་མཁན”གྱི་གཟི་བརྗིད་མཚན་སྙན་བསྩལ་བ་མ་ཟད། “རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་བྱས་རྗེས་གཟེངས་རྟགས”གནང་།

  •    2022ལོའི་རྒྱལ་ཡོངས་ཀྱི་ས་ཞིང་འགྱུར་ལྡོག་ལ་བརྟག་ཞིབ་བྱས་པའི་མཇུག་འབྲས་ཐོག་མ་ཁྱབ་བསྒྲགས་བྱས་ཤིང་། མིག་སྔར། རང་རྒྱལ་གྱི་རྨོ་ཞིང་གི་རྒྱ་ཁྱོན་མུའུ་དུང་ཕྱུར19.14ལ་ཐོན་ཡོད།

  •    རྒྱལ་ཁབ་སྡོམ་རྩིས་ཅུའི་བརྡ་འཕྲིན་ལྟར་ན། 2022ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་སྡོམ་པས་ལུས་རྩལ་ར་བ་ཁྲི422.7ཡོད།

  •    ཚོང་དོན་པུས་བསྟན་དོན། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཚོད་གཅིག་རིང་གི་དམངས་ལ་སྟབས་བདེ་བཟོ་བའི་འཚོ་བའི་ཁོར་ཡུག་བསྐྲུན་པའི་ལོ་གསུམ་གྱི་བྱེད་སྒོ་སྤེལ་རྒྱུ།

  •    རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའི་བརྡ་འཕྲིན་ལྟར་ན། ཟླ1པོའི་གཞི་རྩའི་སྨན་བཅོས་གུན་སྐྱོབ་ཀྱི་མ་དངུལ་སྤྱིའི་ཡོང་སྒོ་དུས་མཉམ་དང་བསྡུར་ན་10.6%འཕར།

  •    ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་ལས་ཁུངས་ཀྱི2023ལོའི་རྒྱུགས་གཞིའི་ཡིག་རྒྱུགས་ཀྱི་སྐར་འབྲས་ཟླ3པའི་ཟླ་དཀྱིལ་དུ་ཁྱབ་བསྒྲགས་བྱེད་རྒྱུ།

  •    རྒྱལ་སྲུང་པུ་ཡིས་ཨ་མེ་རི་ཁས་ཐེ་ཝན་ལ་རེས་སྐོར་གསར་བའི་དམག་ཆས་ཕྱིར་འཚོང་ལ་ཆོག་མཆན་ཐོབ་པའི་གྱོད་གཞི་ལ་ཨ་ལན་བྱིན་ཏེ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཐོག་མཐར་བར་གསུམ་དུ་གྲ་སྒྲིག་བྱས་ནས། “རང་བཙན”འདོད་པ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་དུས་ངེས་མེད་སྒོས་ལྡོག་ལན་སྤྲོད་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན།                                                         ༡.jpg

                                                                                         སྤྱི་ཚོགས།

  •   མ་འོངས་པའི་ཉིན་འདི་དག་ལ། རང་རྒྱལ་གྱི་ས་ཁུལ་མང་ཆེ་ཤས་ཀྱི་ཉིན་མཚན་གྱི་དྲོད་གྲང་གི་ཧེ་བག་ཇེ་ཆེར་འགྲོ་བ་དང་། བྱང་རྒྱུད་ས་ཁུལ་གྱི་ཉིན་མཚན་གྱི་དྲོད་གྲང་གི་ཁྱད་པར་15~20℃སླེབས་རྒྱུ་རེད།

  •   2022ལོའི་ཟླ12སུ་སླེབས་དུས། རང་རྒྱལ་གྱི་མཉམ་འབྲེལ་དྲ་རྒྱའི་སྨན་བཅོས་བཀོལ་མཁན་གྱི་གཞི་ཁྱོན་དུང་ཕྱུར3.63དུ་ཐོན་ཡོད།

  •   ཚོང་ར་ལྟ་སྐུལ་དོ་དམ་ཅུས་བསྟན་དོན། ད་ལོར་བརྡ་ཁྱབ་ཁྲིད་ཕྱོགས་ཀྱི་ལྟ་སྐུལ་དོ་དམ་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་རྒྱུ།

  •   ཀྲུང་གོའི་སྐྱེ་ལྡན་ཧྥུ་རྫས་འགྱུར་གྱི་གསར་གཏོད་མཁན་གྱི་གྲས། ཀྲུང་གོའི་ཚན་རིག་སློབ་གླིང་གི་ཡོན་ཧྲི་ཁྲེན་ཆིང་ཡུན་ཟླ2པར་ཧྲང་ཧེ་ནས་སྐུ་གཤེགས། ལོ94ཡིན།

  •   རེས་སྐོར་གཉིས་པའི་རྒྱལ་ཁབ་རིམ་པའི་གངས་ཤུད་གནས་སྐོར་སྤྲོ་གསེང་ས་ཁུལ་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་ཧུ་པེ་ལོན་ཕིང་ཅིན་ཧྲན་ལིན་སོགས་ས་ཆ་7ཚུད་ཡོད།

  • ཉེ་ལམ། ཅང་སུའུ་སུའུ་ཀྲིའུ་ནས་སུང་རྒྱལ་རབས་ལྷོ་མའི་དུས་སྐབས་ཀྱི་གནའ་བོའི་བྲག་ཕུག་གི་གནས་རྙིང་རྙེད།

    微信图片_20230304120855.jpg

  •   ཉེ་ལམ། ཅང་སུའུ་ལི་དབྱང་ནས་མང་ཚོགས་ཀྱི་སྡོད་ཁང་ཞིག་གློ་བུར་དུ་མེ་འབར་ཞིང་། སྡོད་ཁང་ནང་གི་མི་ཕྱི་རུ་ཡོང་མ་ཐུབ་པར་སྡེ་དམངས་ཝང་ལའེ་པའོ་ཡིས་ཁེམ་འཁོར་སྐོར་ནས། ནང་དུ་བཀག་ཡོད་པའི་སྡེ་མི་བསྐྱབ།               

        སྲིད་ཇུས།

  •   ཧྲང་ཧེ་ཡིས་མཚོ་གྲུ་ཡིས་ཧོང་ཕུའུ་གཙང་བོ་དང་སུའུ་ཀྲིའུ་ཆུ་བོའི་ནང་དུ་འཚོ་བའི་སྙིགས་ཆུ་དང་སྣུམ་ལྡན་སྙིགས་ཆུ་འདོར་མི་རུང་བའི་སྲོལ་ཡིག་ལག་བསྟར་བྱས། 

  •   ཅང་ཞི་ཡིས་གསལ་བོར་བསྟན་དོན། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་གློ་བུར་དོན་རྐྱེན་གྱི་འཚུབ་བསྟུན་སྦྱོང་རྡར་བྱེད་སྒོ་རྩ་འཛུགས་བྱེད་དགོས་ཤིང་། སློབ་སྐབས་གཅིག་ལ་ཉུང་མཐར་ཡང་བྱེད་སྒོ་ཐེངས་གཅིག་སྤེལ་དགོས།

  •   ཧ་ཨར་པིན་གྱིས་རྒྱལ་སྤྱིའི་ཚོང་རྟགས་མིང་གྲགས་དང་དེའི་མིང་ཐོག་གི་ཚོང་རྟགས་ཀྱི་ཚོང་ཁང་ཐོག་མའི་ཚོང་ལས་གཙོ་གཉེར་ལ་ཐེངས་གཅིག་གི་བྱ་དགའ་སྒོར་ས་ཡ1སྟེར་བའི་སྲིད་ཇུས་གཏན་འབེབས་བྱས།

                                                                       འཚོ་བའི་དྲན་སྐུལ།

  •   དེ་རིང་གི་གནམ་གཤིས། ཞིན་ཅང་གི་པེ་ཅང་བྱང་རྒྱུད་དང་ཁྲོན་ཞི་མཐོ་སྒང་གི་ལྷོ་རྒྱུད་སོགས་ཀྱི་ས་ཆ་ལ་ལར་ཁངས་ཆུང་ཆུང་དང་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། ཡུན་ནན་གྱི་དབུས་ཁུལ་ལྷོ་མ་དང་ལྷོ་རྒྱུད།     སི་ཁྲོན་གྱི་ལྷོ་ཕྱོགས། ཀོས་ནན་གྱི་ལྷོ་ནུབ་ཁུལ་སོགས་ཀྱི་ས་ཆ་ལ་ལར་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་རྒྱུ་རེད།微信图片_20230304120901.jpg

  •   ཀན་སུའུ། 2023ལོའི་ལོ་སྟོད་ཀྱི་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་ལེན་གྱི་དྲ་ཐོག་གི་མིང་ཐོ་འགོད་པའི་དུས་ཚོད་ཟླ3པའི་ཚེས3ཉིན་ནས་ཚེས9བར་ཡིན།

  •   འགྲིམ་འགྲུལ། ཀོང་ཧྲེང་ཀང་མྱུར་བགྲོད་ལྕགས་ལམ་གྱི་ཞང་ཀང་གི་དུམ་མཚམས་དེ་ཚེས11ཉིན་ནས་མཚམས་བགོས་ནས་སླར་གསོ་བྱེད་རྒྱུ་རེད།

  •   དེ་རིང་ནས་བཟུང་། ཀྲུང་གོ་“ཚོགས་ཆེན་གཉིས་ཀྱི་དུས་སྐབས”སུ་སླེབས་པ་དང་། མི་དམངས་དུང་ཕྱུར14ཡི་རེ་འདུན་ཕྲག་ཏུ་འཁུར་ནས། འཐུས་མི་དང་ཨུ་ཡོན་རྣམས་རྒྱལ་ས་རུ་འདུས་ཤིང་། རྒྱལ་དོན་མཉམ་གྲོས་དང་ཇུས་ཆེན་གྲོས་བསྡུར་བྱས་ནས། མཉམ་དུ་འཕེལ་རྒྱས་གླེང་།