དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

མཚོ་བྱང་ཁུལ་དང་མཚོ་སྔོན་ཧོ་ཕུན་ཡུག་འོ་མའི་ཐོན་ལས་ཚད་ཡོད་འགན་འཁྲི་ཀུང་སིས་ཚོང་འགུགས་མཉམ་ལས་ཀྱི་གྲོས་མོལ་བྱས།

2023-01-13 10:43:50   |   156

སྒྲིག་སྒྱུར།  སངས་དོན། 


 ཉེ་ཆར།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་ཤ་བོ་སྐྱབས་དང་མཚོ་སྔོན་ཧྲན་ཏུང་ཚོང་ཚོགས་ཀྱི་ཚོགས་གཙོའམ་མཚོ་སྔོན་ཧོ་ཕུན་ཡུག་འོ་མའི་ཐོན་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲི་ཀྲང་ཏེན་ཞེན་ཧྥུན་གཉིས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས“སྤུས་རྒྱུད་དག་མའི “ ཅན་ཧྲན་བ་མོ”ནང་འདྲེན་གསོ་སྤེལ་མཉམ་ལས་ལས་གཞིར་བསམ་ཚུལ་བརྗེ་རེས་བྱས་པ་ཟད། འབྲེལ་ཡོད་མཉམ་ལས་དོན་དག་ལ་གྲོས་བསྡུར་བྱས། 

 གྲོས་ཚོགས་སྟེང་། ཤ་བོ་སྐྱབས་ཀྱིས་བསྟན་དོན། ཧོ་ཕུན་ཡུག་འོ་མའི་ཐོན་ལས་ནི་ཞིང་ཆེན་ནང་ཁུལ་གྱི་འོ་བཟོས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་ཀྱི་རྩེ་གྲས་ཁེ་ལས་ཡིན་ལ། མཚོ་བོད་ཕྱུགས་ར་དང་མཚོ་སྔོན་ལོ་བརྒྱའི་འབྲི་ཞོ་སོགས་ཐོན་རྫས་ཀྱིས་ཁྲོམ་རའི་སྟེང་ཁེ་གྲགས་ངེས་ཅན་ཟིན་ཡོད། ཁེ་ལས་ཀྱི་འཕེལ་རྒྱས་བསམ་ཕྱོགས་དེ་མཚོ་བྱང་གི“243”གྱི་འཕེལ་རྒྱས་གསར་བའི་ཇུས་གཞི་དང“མཚོ་བྱང་ལྔའི”འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པ་ཡིན། དེ་སྔའི་མཉམ་ལས་ཁྲོད། ཧོ་ཕུན་ཡུག་འོ་མའི་ཐོན་ལས་ཀྱིས་ཞིབ་ཚགས་ཀྱིས་ལས་ཀ་མང་པོ་བསྒྲུབས་པས། ཕྱོགས་གཉིས་ཀས“ཅན་ཧྲན་བ་མོ”གསོ་སྤེལ་གྱི་མཉམ་ལས་གྲོས་མཐུན་ཡི་གེ་མགྱོགས་མྱུར་ངང་འགོད་པར་རྨང་གཞི་བརྟན་པོར་བཏིང་ཡོད། མཚོ་བྱང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་ཡུན་རིང་གི་ལོ་རྒྱུས་ཡོད་ཅིང་། ད་སྔ་ཡོད་པའི་སྤུས་ལེགས་རྩྭ་ས་མུའུ་ཁྲི2765དང་ཞིང་ས་མུའུ་ཁྲི86ཡོད། ནོར་ལུག་ཁྲི400ལྷག་ཡོད། ‘མདོ་ལ་རིང་མོའི་རྩྭ་ས་དང་འཇུ་ལག་ལོག་དཀར་སྣུམ། རྐང་ཚའི་ནོར་ནག་དང་བོད་ལུག  མདོ་ལའི་ནོར་ནག་དང་བོད་ལུག  འཇུ་ལག་ནོར་དཀར་སོགས་རྫས་རྟགས་དེ་ཞིང་ཆེན་ཕྱི་ནང་དུ་མཚན་སྙན་ཡོད། ཁུལ་གྱི་མངའ་ཁོངས་སུ་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ། ཞིང་ཆེན་ལམ། ལྕགས་ལམ་བཅས་ཤར་གཏོང་ཐུབ་པ་ཡོད་པས། འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡིན། ཟི་ལིང་གྲོང་ཁྱེར་དང་བར་ཐག་ཉེ་ཞིང་། མདའ་བཞི་དང་འཇུ་ལག་རྫོང་ལ་ཟི་ལིང་གི་རྒྱབ་ཕྱོགས་ལྡུམ་ར་ཞེས་པའི་མཚན་སྙན་ཡོད་ཅིང་། ས་བབ་ཀྱི་དགེ་མཚན་མངོན་གསལ་ཡིན་ལ། ཁྲོ་རའི་མདུན་ལྗོངས་ཆེན་པོ་ཡོད། ཕན་འབྲས་ལྡན་པའི་དུས་སྐབས་དང་ཆ་རྐྱེན་མང་བོས་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་ལ་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

ཏེན་ཡོན་ཧྥུན་ཏུང་ཧྲི་ཀྲང་གིས་ཀུང་སིའི་གཞི་རྩའི་གནས་ཚུལ་དང་མཉམ་ལས་ལས་གཞིའི་འཕེལ་རིམ་གནས་ཚུལ་མཚམས་སྦྱོར་བྱས་ཤིང་། ཁོས་བསྟན་དོན། བ་མོ5000གི་གསོ་སྤེལ་ལས་གཞི་དེར་ཕན་འབྲས་མཐོ་བའི་གཟན་རྩྭ་བཀོལ་སྤྱོད་དང་ཞིང་སྨན་བཀོལ་ཚད་ཇེ་ཉུང་གཏོང་བ། སྐྱེ་དངོས་ཚོ་གསོག་བཀོལ་སྤྱོད་བྱེད་པ། ལྕི་བའི་འབོག་བཙོག་ཇེ་ཉུང་གཏོང་བ་སོགས་ཞིང་ལས་ཀྱི་ཐཱན་ཉུང་བའི་ལག་རྩལ་བཀོལ་སྤྱོད་བྱེད་པ་བརྒྱུད། འོ་བཟོས་ཐོད་རྫས་ཀྱི་སྤུས་ཀ་ཇེ་ལེགས་དང་ཕྱུགས་རའི་འགྲན་རྩོད་ནུས་པ་ཇེ་མཐོར། ཕྱུགས་རས་རྒྱུན་མཐུད་ཁེ་བཟང་རེག་ཐུབ་པར་སྐུལ་འདེད་བྱེད་ཐུབ་པ་མ་ཟད། མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཐུབ་པ་ཡིན། ཕྱོགས་གཉིས་ཀས་འབྲེལ་འདྲིས་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། ཐུན་མོང་གིས་སྐྱེ་ཁམས་ལྗོངས་གཟིགས་གནས་སྐོར་དང་ལྗང་མདོག་སྤུས་ལེགས་འོ་མ་འདུས་པའི་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་བ་མོ་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་དང་། འོ་མའི་ཐོན་རྫས་ཀྱི་ལེ་ལག་ཚང་བའི་མ་ལག་གསར་བཟོ་སྒོས་ལས་གཞི་མགྱོགས་མྱུར་ངང་ལེགས་འགྲུབ་འབྱུང་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བྱས་ཏེ། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་བསྐྲུན་དགོས་པའི་རེ་བ་བཏོན།

ཤ་བོ་སྐྱབས་ཀྱིས་གཅིག་ནས་སྟོབས་ཤུགས་ཡོད་ཚད་ཀྱིས“ས་ཚིགས་གཅིག”རྣམ་པའི་ཞབས་ཞུ་ལེགས་པོ་སྒྲུབ་པ་དང་། ཁྱད་པར་དུ། མདའ་བཞི་རྫོང་གིས་ས་ཆ་མཁོ་འདོན་དང་དངུལ་རྩ། ནོར་ཁྲལ། ངལ་རྩོལ་ནུས་ཤུགས་སོགས་ཀྱི་ཐད་ནས་སྲིད་ཇུས་ཀྱི་སྟབས་བདེ་སྐྲུན་པ་དང་། ལས་གཞི་འདི་དངོས་སར་འབྱོར་ནས་ཕན་འབྲས་ཐོན་པར་ཁག་ཐེག་བྱས་ཏེ།  སྲིད་གཞུང་དང་ཁེ་ལས་མཉམ་ལས་བྱེད་པའི་མི་དཔེ་དུ་གཏོང་དགོས། གཉིས་ནས་གོང་རིམ་སྡེ་ཁག་གི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ཁེ་ལས་ལ་“ཅན་ཧྲན་བ་མོའི”གསོ་སྤེལ་རྟེན་གཞི་འཛུགས་པར་རོགས་སྐྱོར་བྱེད་པ་དང་། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་ཆགས་སུ་བཅུག་ནས་ཐོན་ལས་གསུམ་པོའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་འོ་བཟོས་ཐོན་རྫས་ཀྱི་ཐོན་ལས་སྤྲེལ་ཐག་མཐུད་འབྲེལ་དང་རྫས་རྟགས་གསོ་སྐྱོང་ཁྱབ་སྤེལ་སོགས་ཐད་ལ་བསམ་བློ་བརྗེ་རེས་དང་མཉམ་ལས་རྒྱ་སྐྱེད་བྱས་ཏེ། ཕྱུགས་ལས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་དགོས་ཞེས་བླང་བྱ་བཏོན།