དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

མཚོ་བྱང་ཁུལ་གྱི་གྲོང་ཚོ22ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་བརྟེན་ནས་མི་ཁྲི1.9ལ་སྨན་བཅོས་འགན་བཅོལ་སྤྲོད་རོགས་བྱས།

2024-04-08 09:27:53   |   1232

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་སྨན་བཅོས་འགན་སྲུང་ཅུ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཆར་གཞི་རྒྱ་སྐྱེད་དུ་བཏང་བ་དང་ཆབས་ཅིག  བགོ་བཤའ་དང་གསོག་འཇོག་གཉིས་མཉམ་འཛིན་བྱེད་པ་དང་། ཞབས་ཞུ་དང་འཕེལ་རྒྱས་མཉམ་འཛིན་བྱེད་པ་མཐའ་འཁྱོངས་བྱས་ཏེ། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་གསོག་འཇོག་རྒྱུན་ཆད་མེད་པར་མང་དུ་གཏོང་བ་དང་ཆབས་ཅིག་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཕན་བྱ་གཞག་འཕེལ་རྒྱས་གཏོང་བར་ཡང་ལྟ་རྟོག་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཁག་གཅིག་སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་དུ་བཏང་བ་དང་། ཡུལ་མི་རྣམས་ལ་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་མཉམ་དུ་མྱོང་རོལ་བྱེད་དུ་བཅུག 2024ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལས་གཅིག་སྡུད་འགན་བཅོལ་ནང་ཞུགས་རིང་། ཁུལ་ཡོངས་ཀྱི་གྲོང་ཚོ22ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྤྱད་དེ་གྲོང་མིའི་སྨན་བཅོས་འགན་བཅོལ་དངུལ་སྤྲད་པ་དང་། འགན་བཅོལ་ནང་ཞུགས་མཁན་མི19205ལ་རོགས་སྐྱོར་བྱས་ཤིང་། ཁྱོན་སྒོར་ཁྲི636.2བཏང་། དེ་ཡིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྤྱད་དེ་མང་ཚོགས་ཀྱི་སྨན་བཅོས་འགན་བཅོལ་གྱི་དངུལ་འཇལ་བ་དང་ཁ་གསབ་སྤྲོད་རྒྱུ་མངོན་འགྱུར་ཐུབ་པར་བྱས་ཤིང་མང་ཚོགས་ཀྱི་དཔལ་འབྱོར་ཁུར་པོ་ཡང་དུ་བཏང་བ་མ་ཟད། རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཚོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཉིན་རེ་བཞིན་སྟོབས་ཆེར་སོང་བའི་ཕན་པ་ཚོར་ཐུབ་པར་བྱས། 2024ལོའི་ཟླ3པའི་ཚེས25ཉིན་བར། ཁུལ་ཡོངས་སུ་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི266207ཡོད་པ་དང་། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ལས་འགན265084ཡི100.42%ལེགས་གྲུབ་ཟིན་ནས2024ལོའི་འགན་བཅོལ་ནང་ཞུགས་པའི་ལས་འགན་སྔ་སྣུར་དུ་ལེགས་སྒྲུབ་བྱས་པ་མ་ཟད། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གཅིག་ཀྱང་མི་ཆད་པ་མངོན་འགྱུར་བྱུང་བ་དང་། འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་སྤྲོད་པའི་ལས་དོན་གྱི་ཆུ་ཚད་སླར་ཡང་སྐས་རིམ་གསར་པར་སླེབས་ཤིང་། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན།