དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

མདོ་ལ་རྫོང་གིས་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱས་པ།

2024-03-26 10:02:08   |   1325

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

མང་ཚོགས་ཀྱི་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

2.jpg

ལམ་ངོས་ཀྱི་དར་གཙང་སེལ་བྱེད་བཞིན་པ།

4.jpg

རྟ་ཐོག་གི་སྒྲོག་འགྲེལ་རུ་ཁག

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཤང་གིས་སྐལ་བཟང་མེ་ཏོག་བུད་མེད་དང་བླང་ཞབས་ཞུ་རུ་ཁག་དང་གངས་ལྷ་མེ་ཏོག་ཁྲིམས་ལུགས་ཁྱབ་གདལ་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ཏེ། རྟ་ཐོག་ཏུ་སྒྲོག་འགྲེལ་བྱེད་པ་དང་སྦྲ་གུར་ནང་དུ་སྒྲོག་འགྲེལ་བྱེད་པ། གླུ་ཤགས་རྣམ་པས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ། མང་ཚོགས་དང་ཉེ་བར་བཅར་ནས་གོ་བདེ་ཞིང་ཤེས་སླ་བའི་རྣམ་པས་ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་འབྲོག་ཁུལ་དུ་དྲིལ་སྒྲོག་བྱས་ལ། སྒྲོག་འགྲེལ་བྱ་འགུལ་གྱི་སྐབས་སུ་སྡོམ་པས་ལམ་ངོས་ཀྱི་དར་སེལ་བ་དང་མང་ཚོགས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དོན་འཁྱོལ་སོགས་ཀྱི་དོན་དངོས21སྤེལ།