དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-02-28 08:04:43   |   319

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས27ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བརྒྱད་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད།  ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་ཁབ་ཀྱི་གསང་སྲུང་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་རེད།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཨང20པར་མཚན་རྟགས་བཀོད་དེ་ཁྱབ་བསྒྲགས་བྱས་པ་རེད།

  • རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་དོན། མིག་སྔའི་བར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་དངོས་ཡོད་འཐུས་མི་མི2956ཡོད། 

01.jpg

  • 2024ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཚེས27ཉིན་དངོས་སུ་སྤྱོད་མགོ་ཚུགས་ནས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ནང་ཞུགས་མཁན་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་གསར་འགོད་པར་ཞབས་འདེགས་ཞུ་མགོ་ཚུགས་པ་རེད། 

  • ཀྲུང་གོ་འཕྲུལ་ཆས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། 2023ལོར་འཕྲུལ་ཆས་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་8.7%འཕར།  དེ་རྒྱལ་ཡོངས་ཀྱི་བཟོ་ལས་དང་བཟོ་སྐྲུན་ལས་རིགས་འཕར་ཚད་ལས་བརྒྱ་ཆའི་གྲངས4.1དང3.7མཐོ་བ་ཡོད་པ་རེད། 

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བསྟན་དོན། ཞུང་ཨན་ཁུལ་གསར་དེ་གཞི་ཁྱོན་ཆེ་བའི་འཛུགས་སྐྲུན་དང་རྒྱལ་སའི་ནུས་པ་མིན་པའི་འབྲེལ་མཐུད་གལ་ཆེ་མཉམ་འཛིན་གྱི་དུས་མཚམས་སུ་སླེབས་ཡོད། 

  • རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་མཇུག་བར། རྒྱལ་ནང་གི་མཐོ་སློབ་ཏུ་ནུས་ལྡན་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁྲི79.4ཡོད་པ་རེད། 

  • སྐྱེ་ཁམས་ཁོར་ཡུག་པུས་བསྟན་དོན། རང་རྒྱལ་གྱིས་གོ་ལ་ཧྲིལ་པོར་ཁྱབ་པའི་དྲོད་ཁང་རླངས་གཟུགས་འབུད་ཚད་ཆེ་ཤོས་ཀྱི་ཐཱན་ཁྲོམ་ར་བསྐྲུན་ཡོད། 

02.jpg

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་སའི་གོ་ལའི་ལྷོ་སྣེ་རུ་རྩད་ཞིབ་བྱས་ནས་ཆི་ལིན་འཁྱགས་འོག་མཚེའུ(麒麟冰下湖)བསྐྲུན་རྒྱུ་ཡིན་པ་རེད། 

  • དབྱིན་ཝུའེ་ཏ(英伟达)ཡིས་ཧྭ་ཝུའེ(华为)དེ་འགྲན་རྩོད་ཁ་གཏད་དུ་ཐོག་མར་བཞག་པ་དང་། ཚེས27ཉིན། ཕྱི་འབྲེལ་པུས“སྒོ་ར་ཆུང་ཆུང་གི་གྱང་མཐོན་པོས”ཀྲུང་གོའི་གསར་གཏོད་འཕེལ་རྒྱས་ཀྱི་གོམ་སྟབས་འགོག་མི་ཐུབ་ཅེས་ལན་བཏབ་པ་རེད། 

  • ཚེས27ཉིན། རང་རྒྱལ་གྱི་ཚོང་སྤྱོད་གནམ་གྲུARJ21དངC919ཨེ་ཤེ་ཡ་ཤར་ལྷོའི་རྒྱུད་དུ་འགྲེམས་སྟོན་འཕུར་སྐྱོད་བྱེད་མགོ་ཚུགས་པ་རེད། 

སྤྱི་ཚོགས། 

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། དེ་རིང་ནས་ཟླ3པའི་ཚེས1ཉིན་བར། མཁའ་རླུང་གྲང་མོ་ཡི་ཤུགས་རྐྱེན་ཐེབས་པས། ནང་སོག་གི་དབུས་རྒྱུད་དང་། ཧྭ་བྱང་། བྱང་ཤར་ས་ཁུལ། ཧོང་ཧོའེ་ཤར་རྒྱུད། ཧྭ་ནན་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད4~6℃མར་ཆག་རྒྱུ་རེད། 

  • ཚེས27ཉིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་དན་ཚིག་ལ་མ་གནས་པའི་སྨན་དང་སྨན་བཅོས་ཁེ་ལས26དམར་རྗེན་དུ་བཏོན་པ་རེད། 

  • ཚེས27ཉིན། མི་དམངས་ཁྲིམས་ཁང་གི་གྱོད་མཛོད་དངོས་སུ་དྲ་ཐོག་ཏུ་ཞུགས་ནས་སྤྱི་ཚོགས་ལ་སྒོ་འབྱེད་བྱས། 

  • ཚེས27ཉིན། མཚོ་སྔོན་ཞིང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ཨུའི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ལི་ཅེ་ཞང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ལི་ཅེ་ཞང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་རེད། 

  • གྲངས་གཞི་ལས་མངོན་པ་ལྟར་ན། ཚེས27ཉིན་གྱི་ཆུ་ཚོད18དང་སྐར་མ53བར། 2024ལོའི་ཟླ2པར་རྒྱལ་ཡོངས་ཀྱི་གློག་བརྙན་སྤ་སེ་བཙོངས་པའི་སྡོམ་འབོར་སྒོར་དུང་ཕྱུར110ལས་བརྒལ་བ་རེད། 

  • ཚེས26ཉིན། རང་རྒྱལ་གྱིས་ཞིབ་བཟོ་བྱས་པའི་འཛམ་གླིང་གི་མཚོ་འོག་མྱུར་བགྲོད་ལྕགས་ལམ་རིང་ཤོས་ཀྱི་ཕུག་ལམ་འཕྲུལ་ཆས“ཡུང་ཀྲོའུ་རྟགས་ཅན”བདེ་བླག་ངང་ལེགས་འགྲུབ་བྱུང་། སྒྲིག་སྦྱོར་བྱེད་ཚད་འཛམ་གླིང་གི་རྩེར་སོན་ཆུ་ཚད་དུ་སླེབས་ཡོད་པ་རེད། 

03.jpg

  • ཚེས27ཉིན། ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི“འདོད་སྐོང་མའི”ལམ་ལུགས་ཀྱི་གནོད་འཚེ་ཕོག་མཁན་བགྲེས་སོང་ལིའུ་ཉན་ཀྲེན་ཧུའུ་ནན་གཡོད་དབྱང་རྫོང་དུ་གྲོངས་པ་དང་སྐུ་གཤེགས་སྐབས་དགུང་ལོ107ཡིན་པ་རེད། 

  • ཉེ་ཆར། རང་རྒྱལ་གྱིས་འདེབས་གསོ་བྱས་པའི་འཛམ་གླིང་གི“རྒྱུད་བཤུས་བོད་ལུག”ཐོག་མ་དེ་མཚོ་སྔོན་དུ་བདེ་བླག་ངང་སྐྱེས་པ་རེད། 

  • ཉིན་ཤས་གོང་། ཧྲང་ཧའེ་ཉེན་རྟོག་ཕྱོགས་ཀྱིས“དམིགས་བསལ་མཁོ་འདོན”གྱི་ཨ་རག་རྫུན་མ་ཤེལ་དམ་ཁྲི1.2ལྷག་ཙམ་རྩད་ཆོད་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར1.4ལྷག་ཙམ་ཟིན་ཡོད་པ་རེད། 

04.jpg

  • ཧང་ཀྲོའུ་མཐོ་སྒྲོམ་དུ་བསམ་བཞིན་གནོད་འཚེ་བཏང་བའི་དོན་རྐྱེན་ཁྲོད། རླངས་འཁོར་བསྡད་ནས་གཏུམ་སྤྱོད་བཀག་འགོག་བྱེད་མཁན་ཁྲིམས་རྩོད་པ་སུང་ཙི་ཅན་ལ“ཧང་ཀྲོའུ་ཡི་མི་བཟང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། 

སྲིད་ཇུས། 

  • པེ་ཅིང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས་སྡོད་ཁང་གི་བོགས་དངུལ་དེ་ལྟ་སྐུལ་དོ་དམ་བྱེད་ཁོངས་སུ་འཇུག་རྒྱུ་ཐོག་མར་ཁ་གསལ་བཟོས་ཤིང་། ཟླ་གསུམ་ཡན་གྱི་ཁང་གླ་ལེན་པའི་སྡོད་ཁང་བོགས་མར་ལེན་མཁན་ཁེ་ལས་ཡིས་གླ་དངུལ་འཕར་མ་དེ་ཕྱོགས་གསུམ་པའི་ཆེད་སྤྱོད་རྩིས་ཐོའི་ནང་བཅོལ་དགོས་ཀྱི་ཡོད་པ་རེད། 

  • ཧྲང་ཧའེ་ཡིས་གཉེར་སྐྱོང་གཙོ་གཟུགས་ཐོ་འགོད་དོ་དམ་སྒྱུར་བཅོས་ཀྱི་བྱེད་ཐབས་འགའ་ཞིག་བཏོན། དེའི་ནང་། མུ་འབྲེལ་ཁེ་ལས་ཀྱི་གློག་རྡུལ་གཉེར་སྐྱོང་ལག་ཁྱེར་གྱི“ཐེངས་གཅིག་ཐོབ་ཐང་བདེན་དཔང་ར་སྤྲོད་དང་ཐེངས་གཅིག་ལ་ཆོག་འཐུས་ལག་ཁྱེར་ཕབ་འཇུག”སོགས་ཚུད་ཡོད་པ་རེད། 

  • ཧྲའན་ཤིས་ཀྱིས་ཟླ3ཚེས1ཉིན་ནས་བཟུང་། འགན་བཅོལ་ནང་ཞུགས་པའི་ཁེ་ལས་ཀྱི་ལས་བཟོ་དང་དེ་སྔའི་ཚན་པའི་ངལ་རྩོལ་འབྲེལ་བ་མེད་པ་བཟོས་རྗེས་ཞིང་ཆེན་ནང་ཁུལ་དུ་སྐོར་སྐྱོད་ལས་ཞུགས་བྱེད་སྐབས། རྒན་གསོའི་འགན་བཅོལ་འབྲེལ་བ་གཞན་སྒྱུར་གྱི་འགྲོ་ལུགས་གཉེར་མི་དགོས། 

དེ་རིང་གི་གནམ་གཤིས། 

05.jpg

  • ནང་སོག་གི་ནུབ་བྱང་རྒྱུད་དང་ཤར་རྒྱུད། བྱང་ཤར་ས་ཁུལ་མང་ཆེ་བ། ཞིན་ཅང་ལྷོ་ཕྱོགས་གཤོང་སའི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་དང་བྱང་རྒྱུད། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད། ཀྲུང་ཧྭ་བྱང་རྒྱུད་ཀྱི་བྱང་རྒྱུད་དང་ནུབ་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཁངས་ཆར་འདྲེས་མ་འབབ་ཀྱི་རེད།  འབྲི་ཆུ་དང་ཧོའེ་ཆུའི་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ནན་དབུས་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབབ་ཀྱི་རེད།