དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

བརྗོད་དོན་སློབ་གསོའི་ངེས་བྱ། (མུ་འགོད39)

2024-02-22 09:10:50   |   236

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཆད་སྒྲོག་ལས་ངེས་དགོས་པའི་ཤེས་བྱ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

གནས་བབ་གསར་པའི་འོག་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྤྱིའི་རིག་ལམ་གང་ཡིན་ནམ།

ཕྱི་རོལ་ཡུལ་གྱི་དཔལ་འབྱོར་ཆོས་ཉིད་ལྟར་ས་ཁོངས་སྲིད་ཇུས་མ་ལག་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། ས་ཁུལ་ཁག་གི་བསྡུར་ཆའི་དགེ་མཚན་འདོན་སྤེལ་བྱེད་པ། རིགས་མི་འདྲ་བའི་རྒྱུ་རྐྱེན་ལུགས་མཐུན་ངང་འཁོར་རྒྱུག་དང་ཕན་ནུས་ཆེ་བའི་ངང་གཅིག་སྡུད་ཡོང་བར་སྐུལ་འདེད་གཏོང་བ། གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་མ་ལག་གང་མགྱོགས་འཛུགས་པ། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཁྱུ་ཚོགས་སོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆའི་ས་ཁོངས་ཀྱི་དཔལ་འབྱོར་དང་མི་འབོར་གྱི་ཐེག་ནུས་ཆེ་རུ་གཏོང་བ། ས་ཁུལ་གཞན་དག་གི་འབྲུ་རིགས་བདེ་འཇགས་དང་། སྣོད་བཅུད་བདེ་འཇགས་དང་། མཐའ་མཚམས་བདེ་འཇགས་སོགས་ཐད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། གཙོ་གྱུར་ནུས་པ་མངོན་གསལ་དོད་པ་དང་། ལེགས་ཆ་ཕན་ཚུན་ཁ་གསབ་དང་། སྤུས་ཚད་མཐོ་བའི་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀོད་པ་ཆགས་པར་བྱེད་དགོས།