དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

སྲིད་གཞུང་བྱ་བའི་སྙན་ཞུ།

2024-02-02 16:11:07   |   2567

རྩོམ་སྒྲིག   སངས་དོན།      བཤེར་འབེབས།   རིན་ཆེན་ཚེ་རིང་།


微信图片_20240202161321.jpg

——2024ལོའི་ཟླ1ཚེས31ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅོ་ལྔ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་ཐོག

ཁུལ་དཔོན།   ཀྲང་ཧྲིང་ཡོན།

འཐུས་མི་རྣམ་པ།

ད་ལྟ། ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།  སྲིད་གྲོས་ཨུ་ཡོན་དང་ཚོགས་འདུར་ཟུར་ཞུགས་བྱས་པའི་བློ་མཐུན་རྣམས་ཀྱིས་དགོངས་འཆར་གནང་རོགས།

2023ལོའི་བྱ་བའི་ཕྱིར་དྲན།

2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཞིག་ཡིན་ལ། རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་གི་རིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་འོག་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། ཆ་ཚང་པ་དང་ཡང་དག་པ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པ་དང་། རང་འགུལ་ངང་འཕེལ་རྒྱས་གསར་པར་ཞབས་ཞུ་དང་དེའི་ནང་ཞུགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། མགྱོགས་མྱུར་ངང“243”གྱི་འཕེལ་རྒྱས་ཀྱི་བཀོད་པ[1] འཛུགས་སྐྱོང་དང། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་སློར་གསོ་བྱུང་ནས“མཚོ་བྱང་ལྔ” [2]  འཛུགས་སྐྲུན་ལ་གོམ་པ་བརྟན་པོ་སྤོས།  ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་དུས་མཚུངས་ལས3.9%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས12.8%འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་སྡོམ་འབོར་དུས་མཚུངས་ལས་16.6%འཕར་བ། གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས6.1%འཕར་བ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དུས་མཚུངས་ལས13.1%འཕར་བ། མཁར་གྲོང་གི་ལས་ཤོར་ཐོ་འགོད་དང་གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་སོ་སོར2.08%་དང་0.4%་ཡི་ཅུང་དམའ་བའི་ཆུ་ཚད་དུ་ཚོད་འཛིན་བྱས་ཡོད། 

འདས་ཟིན་པའི་ལོ་གཅིག་གི་ནང་། ང་ཚོས་ཐོན་ལས་འཕེལ་རྒྱས་དེ་སྔར་བས་དོ་སྙོམས་ཡིན་པའི་འབྱོར་ཕྱུག་མཚོ་བྱང་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་པ།

ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ས་ཁུལ་གསར་འཛུགས་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བྱས། མ་དངུལ་སྒོར་དུང་ཕྱུར4.87བསྡུ་སྒྲིལ་བྱས་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་ལེ་ལག་ཚང་བའི་བཟོ་སྐྲུན [3] 84དང“5+8+N” ཞིང་ཕྱུགས་ཐོན་ལས་མ་ལག [4] མགྱོགས་མྱུར་སྐྲུན་པ་དང་། སྐྱེ་ལྡན་ཐོན་རྫས་དང་ལྗང་མདོག་བཟའ་བཅའི་ཁས་ལེན་ཐོབ་པའི་ཁེ་ལས21ལ་སླེབས་པ། རང་བྱུང་རྩྭ་ཐང་མུའུ་ཁྲི2322དང་། གནག་ཕྱུགས་དང་བོད་ལུག་མགོ་གྲངས་ཁྲི199དང་། རྨོ་ཞིང་མུའུ7540བཅས་ལ་སྐྱེ་ལྡན་ལྟ་ཞིབ་ཚད་ལེན་གྱིས་ཁས་ལེན་ཐོབ་ཡོད།  “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཐོན་རྫས119ལ་གཙོ་ཁྲིད་ཐོན་རྫས་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་ཡོད།  “མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོའི”ཡུལ་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་ཁྱབ་སྒྲོག་བྱས། འཇུ་ལག་གི་དེང་རབས་ཞིང་ལས་ཐོན་ལས་གླིང་ལ་རྒྱལ་ཁབ་མིང་རྟགས་ཀྱི་ངོས་འཛིན་ཐོབ་པ་དང་། མདོ་ལ་རིང་མོའི་བོད་ལུག་དེ་རྒྱལ་ཁབ་ཀྱི་སྤུས་ལེགས་སྐྱེད་སྲིང་འཆར་གཞིའི་ནང་ཚུད་པ། རྐང་ཚའི་བོད་ལུག་དེ་རྒྱལ་ཡོངས་ཀྱི“རྫོང་གཅིག་ལ་ཁྱད་ཆོས་གཅིག”གི་སྤུས་རྟགས་སུ་བཅུག་ཡོད། རྨོ་ཞིང་དུ་སྤྱོད་ཀྱིན་མེད་པས་ས་ཞིང་མུའུ་ཁྲི་2.59་བཅོས་སྒྲིག་བྱས་པ་དང་། ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི1གསར་དུ་སྐྲུན། འབྲུ་རིགས་སྐྱེ་དངོས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི32.42ཟིན་ཡོད། “བོད་ལུག་ཁྲི་གཅིག་དང་འབྲི་གཡག་ཁྲི་གཅིག”གི་རྟེན་གཞི་གསར་འཛུགས་བྱས་ཤིང་། བོད་ལུག་ཁྲི་བཅུ་གསོ་ཚགས་བྱེད་པའི་རྟེན་གཞི1དང་། བོད་ལུག་ཁྲི་ཕྲག་གསོ་ཚགས་བྱེད་པའི་རྟེན་གཞི7དང་། འབྲི་གཡག་ཁྲི་ཕྲག་གསོ་ཚགས་བྱེད་པའི་རྟེན་གཞི4བཅས་འཛུགས་སྐྲུན་ལེགས་འགྲུབ་བྱུང་།  ནོར་ལུག་བཤས་རར་གཏོང་བའི་བྱ་དགའི་བྱེད་ཐབས་མ་དངུལ་སྒོར་ཁྲི1040བཏང་སྟེ། ནོར་ལུག་བཤས་རར་གཏོང་བའི་ལས་དོན་ལ་གྲུབ་འབྲས་ལེགས་པོ་ཐོབ། ཁུལ་ཡོངས་སུ་ཞིང་ཕྱུགས་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར44.35མངོན་འགྱུར་བྱས་པ་དང་། དུས་མཚུངས་ལས4.7%འཕར་སྣོན་བྱུང་ཡོད།  གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར18827ཡིན་པ་དང་། དུས་མཚུངས་ལས7.4%འཕར་སྣོན་བྱུང་ཡོད།

སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་དཔེ་སྟོན་ས་ཁུལ་གསར་འཛུགས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་། མཚོ་སྔོན་པོའི་བྱང་ངོགས་ཀྱི་དམིགས་བསལ་གཉེར་སྐྱོང་ས་ཚིགས6བསྐྲུན་ནས་གཉེར་སྐྱོང་བྱས་པ་དང་། “མཚོ་སྔོན་པོའི་མཐའ་འཁོར་གྱི་གནས་སྐོར་མགོ་རྩོམ་ས”རྐང་ཚ་རུ་གཏན་འཁེལ་བྱས། མདའ་བཞི་རྫོང་རྒྱལ་ཁབ་ཀྱི་རིག་གནས་ཐོན་ལས་དང་གནས་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་མིང་ཐོའི་ནང་ཚུད་པ་དང་། མཐོན་པོ་སྒང་གི་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད།  4A རིམ་པའི་གནས་སྐོར་མཛེས་ལྗོངས1དང3Aརིམ་པའི་གནས་སྐོར་མཛེས་ལྗོངས3དང་། རྒྱལ་ཁབ་རིམ་པའི་གྲོང་གསེབ་ཀྱི་གནས་སྐོར་གཙོ་གནད་གྲོང་ཚོ1དང་སྐར་རིམ་ལྔའི་གྲོང་གསེབ་ཀྱི་གནས་སྐོར་སྣེ་ལེན་ས་ཚིགས2བཅས་གསར་འཛུགས་བྱས།  རྒྱལ་ཁབ་ཀྱི4Cརིམ་པའི་སྒེར་འཁོར་སྒར་ས་དང་ཀ་པ་རིམ་པའི་གནས་སྐོར་མགྲོན་ཤག་སོ་སོ1བཅས་གསར་སྣོན་བྱས་ཡོད། མཐོན་པོ་སྒང་དང་བྱེ་མ་ལ་བདུན། ཆེ་ཡངས་ལུང་བ། མདོ་ལ་རིང་མོའི་སྐྱེ་ཁམས་ཕྱུགས་ར། རྒོ་དམར་ཚན་སྤེལ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི། ཐོར་དམག་ཚོ་བའི་སྒེར་འཁོར་སྒར་གནས་སོགས་སྒར་འདེབས་རྟེན་གཞི37གྱི་མལ་ཁྲི2023བཀོད་སྒྲིག་བྱས། “གསེར་ཆེན་ལ་ནས་འཇུ་ལག་གཞོངས་ལ་ལྟ་བ”སོགས་སྤུས་ལེགས་ཀྱི་གནས་སྐོར་ལམ་ཐིག་གསར་དུ་བཏོད་ཅིང་། བྱ་རྒོད་རི་དང་ལྷ་ཆབ་ཁུག  ཐོར་དམག་ཚོ་བ་སོགས་དྲ་གྲགས་འཛོམས་ཡུལ་དུ་གྱུར་ཡོད། “མི་ཁྲི་ཚོ་ཉི་ཤུས་མཚོ་བྱང་དུ་གནས་སྐོར་བྱེད་པ”དང“མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན”། སྐབས་དང་པོའི་རྒྱལ་སྤྱིའི་སྐྱེ་ཁམས་སྒར་འདེབས་དུས་ཚིགས་ཚོགས་ཆེན། ཙི་པོའི་སྲེག་ཟས་རྩྭ་ཐང་དུ་སླེབས་པ་སོགས་ཀྱི་བྱེད་སྒོར་བརྟེན་ནས་གནས་སྐོར་བ་ཁུལ་ནང་དུ་གནས་སྐོར་དུ་ཡོང་ཐབས་བྱས། གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར30.75མངོན་འགྱུར་བྱུང་བ་དང་། དུས་མཚུངས་ལས86.64%འཕར་སྣོན་བྱུང་ཡོད།

ནུས་ཁུངས་གཙང་མ་ཐོན་སྐྱེད་དང་བེད་སྤྱོད་བྱེད་པའི་སྐུལ་སྤེལ་ས་ཁུལ་གསར་འཛུགས་ལ་རྒྱུན་མཐུད་ངང་སྐུལ་འདེད་བྱས་པ། རྐང་ཚའི་སྟོང་ཝ་ཁྲི320ཡིན་པའི“གློག་ཁུངས་དང་གློག་དྲ། ཐེག་རྩོལ། གསོག་ནུས”བཅས་གཞི་གཅིག་ཅན་གྱི་རྣམ་གྲངས་དེ་སྟོང་ཝ་ཁྲི30ལ་མཉམ་སྦྲེལ་བྱས། འཕྲུལ་ཆས་ཀྱི་སྤྱིའི་སྒྲིག་སྦྱོར་སྟོང་ཝ་ཁྲི35.5ཡིན་པའི་མདོ་ལ་རྫོང་དང་རྐང་ཚ་རྫོང་གི་རྡོ་སོལ་སྔོག་འདོན་ཁུལ་གྱི་འོད་ཤུགས་རྣམ་གྲངས་འཛུགས་སྐྲུན་བྱེད་མགོ་ཚུགས་ཤིང་། འཕྲུལ་ཆས་ཀྱི་སྤྱིའི་སྒྲིག་སྦྱོར་སྟོང་ཝ་ཁྲི200ཡིན་པའི་ཀྲུང་ཧི་ནུས་འདུས་དང་ཀོང་ཏུང་གློག་ཤུགས་རྣམས་གྲངས་ཀྱི་དུས་རིམ་སྔོན་མའི་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བྱས། རྐང་ཚའི་ཧྲིན་ཧོ་དང་ཤིས་ཀོང་། མདོ་ལའི་བཙུན་མོ་གཞོང་གི་སྟོང་ཧྥུ330ཡི་གློག་སྐྱེལ་གློག་སྒྱུར་གྱི་རྣམ་གྲངས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད། ནུས་རྒྱུ་གཙང་མའི་འཕྲུལ་ཆས་ཀྱི་སྤྱིའི་སྒྲིག་སྦྱོར་གྱི་ཤོང་ཚད་སྟོང་ཝ་ཁྲི141ལ་སླེབས་ཡོད་པ་དང་།  ལོའི་གློག་འདོན་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར30ལ་སླེབས་ཡོད།

དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཁུལ་གྱི་གསར་འཛུགས་ལ་རྒྱུན་མཐུད་ངང་སྐུལ་འདེད་བྱས་པ། ཀྲུང་གོའི་རྡུལ་ཕྲན་མཁར་སོགས་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་གཙོ་བོར་བྱེད་པའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་གྲོས་ཚོགས་གསོ་སྦྱོང་རྣམ་པའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་། 221རྟེན་གཞིའི་གནས་རྙིང་གི་བཟོ་གྲྭ་བརྒྱད་ཀྱི་རིག་དངོས་ས་ཚིགས10གང་འགབ་ཅི་སྤྱོད་བྱས། རྡུལ་ཕྲན་མཁར་དྲན་གསོ་ཁང་ལ་ཀྲུང་དབྱང་དྲིལ་སྒྲོག་པུ་དང་། དགུ་གསུམ་སློབ་ཚོགས། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པའི་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས65ཡི་སློབ་གསོ་རྟེན་གཞིའི་སྒོ་བྱང་བཀལ། “མཛོད་གཅིག་མཉམ་སྡེབ”[6]ཀྱི་མཛོད་ཉར་ཟོང་འགྲེམས་ལྟེ་གནས4བསྐྲུན་པ་དང་། གློག་རྡུལ་ཚོང་དོན་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར25.4མངོན་འགྱུར་བྱུང་། མཚོ་བྱང་གི་སྤུས་ལེགས་ཚོང་རྫས་ཀྱི“ལྔ་སྐྱོད”[7]ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར3.5ཟིན་ཡོད། ཕྱིར་གཏོང་ནང་འདྲེན་སྡོམ་འབོར་དུས་མཚུངས་ལས117%འཕར་སྣོན་བྱུང་ཞིང་། ཕྱིར་གཏོང་ཐོན་རྫས་མེད་པའི་ལོ་རྒྱུས་ཡོངས་སུ་མཇུག་སྒྲིལ། གྲངས་གཞིའི་དཔལ་འབྱོར་གྱི་ཐེན་དབྱི་ཡུན་ལས་སྟེགས་དངོས་སུ་བཙུགས་ནས་གྲངས་གཞིའི་ལྟེ་གནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཐེངས18སྤེལ་ནས་འཛད་སྤྱོད་སྒོར་ཁྲི715.86ལ་སྐུལ་ཁྲིད་བྱས།

དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པ། ལོ་གསུམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་རྗེས་ཀྱི་དཔལ་འབྱོར་སླར་གསོའི་གོ་སྐབས་དམ་འཛིན་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི “1+10”བྱ་སྤྱོད[8]་ལག་བསྟར་བཏང་ཞིང་། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱེད་ཐབས་ཁག48བཏོན།  ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར1.5བསྡུ་སྒྲིལ་བྱས་ཤིང་། ཁེ་ལས356གི་ལས་གནས་དང་ཐོན་སྐྱེད་བརྟན་པོ་ཡོང་བར་རོགས་སྐྱོར་བྱས། འཚར་ལོངས་རྣམ་པའི་ཁེ་ལས་ཆུང་འབྲིང54གསོ་སྐྱོང་བྱས་པ་དང་། གཞི་ཁྱོན་ཡན་གྱི་ཁེ་ལས5དང་བཅད་གྲངས་ཡན་གྱི་ཁེ་ལས2གསར་སྣོན་བྱས། གསར་དུ་བཙུགས་པའི་ཁྲོམ་རའི་བྱེད་པོ་འཕར་སྣོན་བྱས་ཚད20.2%ཡིན། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར7གྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཚོད་ལྟའི་ཁུལ་གྱི་བྱ་དགའི་མ་དངུལ་སྒོར་དུང་ཕྱུར1ཐོབ་ཡོད། དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་སོ་སོ197.81དང་སྒོར་དུང་ཕྱུར115.88ཟིན་པ་དང་། དུས་མཚུངས་ལས་སོ་སོ8.57%དང15.14%འཕར་ཡོད། ཁུལ་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས12ཀྱི་ལམ་ལུགས་སྒྱུར་བཅོས་ལེགས་གྲུབ་བྱུང་བ་དང་། ཁུལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར4.5ཟིན་ཡོད། བེད་མེད་རྒྱུ་ནོར་ཕྱོགས་ཡོངས་ནས་གང་འགབ་ཅི་སྤྱོད་བྱས་ཏེ། ལུའུ་ཆིང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དྲག་སྐྱེད་ལྟེ་གནས་སོགས་རྣམ་གྲངས་སླར་གསོ་གཉེར་སྐྱོང་བྱས་ཡོད། ཚོང་འགུགས་མ་འདྲེན་གྱི་མ་དངུལ་དམིགས་སར་འབྱོར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། མདོ་ལ་རྫོང་དེ་རྒྱལ་ཡོངས་ཀྱི་སྐོར་ཁག་གཉིས་པའི་གསར་གཏོད་རྣམ་པའི་རྫོང་དུ་བདམས་པ་དང་། ཁུལ་ས་མཐོའི་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་ཞིང་ཆེན་རིམ་པའི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིར་དཔྱད་འདེམས་བྱས།

འདས་ཟིན་པའི་ལོ་གཅིག་གི་ནང་། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྔར་བས་ཡིད་དུ་འོང་བའི་མཛེས་སྡུག་མཚོ་བྱང་འཛུགས་སྐྲུན་བྱས་པ། 

སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མགྱོགས་མྱུར་ངང་ལག་བསྟར་བྱས་པ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་རེས་སྐོར་སྔོན་མ་གཉིས་ཀྱི་ལྡོག་ལན་གནད་དོན་དག་ཐེར་བྱེད་ཚད་དང་རེས་སྐོར་གསུམ་པའི་འཕྲིན་བཅར་གྱོད་གཞི་སྒྲུབ་གཉེར་བྱེད་ཚད་ཚང་མ100%རུ་སླེབས་ནས་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་བྱང་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ཡོངས་འགྲུབ་བྱས། ཆུ་དང་མཚེའུ་ཡི་སྤུས་ཀའི་གདེང་འཇོག་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།  ཟི་ལིང་དང་། མཚོ་ཤར། ཀན་སུའུ་འབྲོང་ཡུལ་སོགས་ས་ཁུལ་གྱི་གྲོང་ཁྱེར་དང་ཁུལ་དབར་གྱི་ཆུ་དང་མཚེའུ་དོ་དམ་སྲུང་སྐྱོང་མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་བཙུགས་པ་དང་། ཁུལ་ནང་ཁུལ་གྱི་ས་མཚམས་སྒྲོལ་བའི་ཆུ་སྤུས་རིགསIIཡན་དུ་སླེབས་ཡོད། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་མགོའི་སྤུས་ཚད100%རུ་སླེབས་ཡོད། ས་རྒྱུའི་སྦགས་བཙོག་ཉེན་ཁའི་རིགས་དབྱེ་དོ་དམ་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནུས་ལྡན་བྱས། 

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གཞི་གཅིག་ཏུ་སྐུལ་འདེད་བཏང་བ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དེ་ཇུས་བཟོའི་མཐའ་མཇུག་གི་དུས་མཚམས་སུ་སླེབས་ཡོད། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་ཁོངས་གཞི་རྩའི་སྟེང་གཏན་འཁེལ་བྱས་ཤིང་།  རང་ཁུལ་གྱི་རྫོང་བཞི་ཚང་མ་ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་སྲུང་སྐྱོང་འཕེལ་རྒྱས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ས་ཁུལ་ནང་བཅུག་པ་མ་ཟད།  རྐང་ཚ་རྫོང་དེ་ཆུ་དཔོན་ལམ་ལུགས་ཀྱི་རྒྱལ་ཁབ་ལྟ་ཞིབ་སྐུལ་ལྕག་གི་གཙོ་གནད་གསོ་སྐྱོང་ས་ཁུལ་ནང་བཅུག  རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་གཞི་གཅིག་ཅན་གྱི་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་མུའུ་ཁྲི35.9དང་། རྩྭ་ཐང་ཞན་འགྱུར་བཅོས་སྐྱོང་མུའུ་ཁྲི185དང་ས་ཆུ་ཤོར་བ་བཅོས་སྐྱོང་མུའུ་ཁྲི34.6དང་བྱེ་འགོག་བྱེ་བཅོས་མུའུ་ཁྲི5.4བཅས་ལེགས་གྲུབ་བྱུང་བ་དང་། དགོ་དམར་ཁྱི་ཚོགས་ཀྱི་གྲངས་འབོར3400བར་སླར་གསོ་བྱུང་བ། མཚོ་སྔོན་པོའི་གསེར་ཉའི་གྲངས་འབོར་སྲུང་སྐྱོང་ལས་དོན་ཐོག་མར་སྤེལ་སྐབས་ཀྱི་ལྡབ44ལ་སླེབས་ཡོད།

སྐྱེ་ཁམས་རིན་ཐང་གཞན་སྒྱུར་ལ་འཚོལ་ཞིབ་བྱས་པ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས22ལ་ལྗང་མདོག་ལག་ཁྱེར་ལ་བརྟེན་ནས་ཉོ་འཚོང་བྱེད་པར་ཁྲིད་སྟོན་བྱས་པ་དང་། ལྗང་མདོག་ལག་ཁྱེར་ཁྲི1.89ཡི་ཚོང་འགྲིག་ཚད་སྒོར་ཁྲི37.74ཡིན། གཞི་ཁྱོན་ཡན་གྱི་བཟོ་ལས་ནུས་རྒྱུའི་འཛད་སྤྱོད་སྡོམ་འབོར་འཕར་ཚད2.6%ནང་ཚུན་དུ་ཚོད་འཛིན་བྱས་ཡོད། “ཆུ་བརྟེན་གཏན་འཁེལ་བཞིའི”[9]རྩ་དོན་དོན་འཁྱོལ་ནུས་ལྡན་བྱས་པ་དང་། འཇུ་ལག་རྒྱ་མདོ་ཆུ་མཛོད་དང་མདོ་ལ་སྟག་སྣ་དགོན་ཆུ་བེད་ལས་གྲྭར་ཆུ་གསོག་པ་དང་། མདའ་བཞི་ཤ་ཐང་ཆུ་མཛོད་འཛུགས་སྐྲུན་བྱེད་མགོ་ཚུགས། ཁུལ་ཡོངས་ཀྱིGDP%སྒོར་ཁྲི་ཅན་གྱི་ཆུ་བཀོལ་སྤྱོད་བྱེད་ཚད5%མར་ཆག་ཡོད། སྐྱེ་ཁམས་གནས་སྐོར་དང་ཉམས་ལེན། དོ་དམ་སྲུང་སྐྱོང་། ནགས་ཁྲོད་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་བྱུང་ཡོད།

སྐྱེ་ཁམས་ལམ་ལུགས་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོའི་སྲོལ་ཡིག་ཁྱབ་བསྒྲགས་དང་ལག་བསྟར་བྱས། རྨ་ཆུའི་འབབ་རྒྱུད་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་རང་སྐྱོང་སྲོལ་ཡིག་ཕྱོགས་ཡོངས་ནས་གཙང་བཤེར་དང་ཚད་ལྡན་དུ་བཏང་བ་དང་། ཁུལ་ཡོངས་ཀྱི“བར་སྟོང་གསུམ་དང་མཐའ་ཐིག་གསུམ”[10]དབྱེ་འབྱེད་གཏན་འཁེལ་བྱས་པའི་གྲུབ་འབྲས་དངོས་སུ་སྤྱོད་མགོ་ཚུགས་ཡོད།  “རིམ་གསུམ་རིགས་གསུམ”[11]གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་མ་ལག་མགྱོགས་མྱུར་བསྐྲུན་པ། སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བའི་གུན་གསབ་གྱོད་གཞི5གཞུང་གཏུག་བྱས་ཏེ།  མཚོ་བྱང་དེ་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ་དུ་བདམས་ཐོན་བྱུང་ཡོད། རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། གནམ་སྔོ་ཞིང་རྩྭ་ལྗང་བ། ཆུ་དྭངས་བ་བཅས་ནི་མཚོ་བྱང་གི་མིང་བྱང་དུ་གྱུར།

འདས་ཟིན་པའི་ལོ་གཅིག་གི་ནང་། ང་ཚོས་དམངས་ཀྱི་འཚོ་བ་སྔར་ལས་ལེགས་པའི་བདེ་སྐྱིད་མཚོ་བྱང་གི་འཛུགས་སྐྲུན་མགྱོགས་མྱུར་ངང་སྤེལ་བ།

ལས་ཞུགས་ལས་གཏོད་སྔར་བས་ལེགས་པོ་བྱུང་བ། ལས་རིགས་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་མི་ཐེངས5654བྱས་པ་དང་། ལས་ཞུགས་ལྟ་སྦྱོང་གི“བརྒྱ་དང་བཅུ” [12]ཡི་ལས་གྲྭའི་ལས་གནས་ཆིག་སྟོང་ལྷག་ཙམ་གསར་སྤེལ་བྱས་ཤིང་། “འཐེན་ཐུག་དངུལ་བུན”གྱིས་མི1700ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས།  “མཚོ་སྔོན་འཇུ་ལག་གི་གཞི་རྒྱུ་སེ་མང་བའི་གྲོ་མ”དེ་ཞིང་ཆེན་རིམ་པའི་ངལ་ནུས་ཟོང་རྟགས་ནང་ཚུད་པ་དང་། རོང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་མི་ཐེངས་ཁྲི4.77བྱས། མཁར་གྲོང་གི་མི2115གསར་དུ་ལས་ཞུགས་ཐུབ་ཡོད། འཇུ་ལག་གི་མཱ་ལགས་ཀྱི་འདུམ་འགྲིག་ལས་དོན་ཁང་ལ་ཞིང་ཆེན་རིམ་པའི་ངལ་རྩོལ་འབྲེལ་བ་མཐུན་སྦྱོར་གྱི་གསེར་གྱི་རྟགས་མ་ཐོབ་ཡོད།

སློབ་གསོ་འཕེལ་རྒྱས་སྔར་བས་དོ་མཉམ་ཡིན་པ། ཁུལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་འཚོགས་ནས་སློབ་གསོ་འཕེལ་རྒྱས་ཀྱི“1+4”སྲིད་ཇུས་རང་བཞིན་གྱི་ཡིག་ཆ་དང་དམངས་ཕན་སློབ་གསོའི་བྱེད་ཐབས་ཁག་བཅུ་དོན་འཁྱོལ་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར2.67བཏང་ནས་སློབ་གསོའི་རྣམ་གྲངས46ལག་བསྟར་བྱས་པ་དང་། རྐང་ཚ་རྫོང་གི་སློབ་སྔོན་སློབ་གསོའི་ཁྱབ་གདལ་དང་ཀུན་ཕན་གསར་འཛུགས་ལས་དོན་ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ། མཚོ་བྱང་སློབ་འབྲིང་དང་པོ་དེ་ཁུལ་རིམ་པར་སྤྲད། ཤར་ནུབ་རྒྱུད་ཀྱི་ལས་རིགས་སློབ་གསོའི་སློབ་གྲྭའི་དབར་གྱི་མཉམ་ལས་སྤེལ་རེས་ཚོགས་འདུ་སྐབས་དང་པོའི་ལས་དོན་བདེ་བླག་ངང་བསྒྲུབས་པ་དང་། སློབ་སྔོན་སློབ་གསོའི་ལོ་གསུམ་གྱི་སློབ་ཞུགས་བྱས་ཚད་དང་འོས་འགན་སློབ་གསོའི་བརྟན་བརླིང་བྱུང་ཚད། མཐོ་འབྲིང་དུས་སྐབས་ཀྱི་སློབ་ཞུགས་བྱེད་ཚད་བཅས་སོ་སོ96.8%དང98.8%དང96.98%ཡིན། 985དང211གི་སློབ་གླིང་དུ་བསྡུ་ལེན་བྱས་པའི་མི་གྲངས་ལ་ཐོ་བརྒལ་གསར་པ་མངོན་འགྱུར་བྱུང་ཡོད།

སྨན་བཅོས་འཕྲོད་བསྟེན་ལ་འགན་ལེན་ནུས་ལྡན་བྱས་པ། ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཀྱི“གཙོ་བོ་གཅིག་དང་གཞོགས་འདེགས་དྲུག”གི་སྲིད་ཇུས་ཡིག་ཆ་བཏོན་ནས། རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞིའི“གཅིག་གྱུར་བདུན”[13]གྱི་དོ་དམ་མངོན་འགྱུར་བྱུང་ཞིང་། མཁར་གྲོང་འཕྲོད་བསྟེན་ཁང37དང་གྲོང་ཚོ་འཕྲོད་བསྟེན་ཁང216གིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ལ་འཚམ་པའི་ལག་རྩལ་སྤྱད་དེ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་ཡིག་གི་གྲུང་སྐུལ་བྱེད་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་རྒྱུན་འཁྱོངས་བྱས་པ་དང་། སྨན་བཅོས་འགན་བཅོལ་གྱི་དམངས་ཕན་ཞབས་ཞུར་ཞིང་ཆེན་སྲིད་གཞུང་གི་གཟེངས་བསྟོད་ཐོབ། ཞིང་ཆེན་ཡོངས་ཀྱི་སྒོ་བསྟེན་གཅོང་ནད་ཀྱི་བདེ་ཐང་དོ་དམ་ལྟེ་གནས་ཐོག་མ་དེ་འཇུ་ལག་རྫོང་དུ་སྒོ་བྱང་བཀལ་ནས་བཙུགས་ཤིང་། ཁུལ་ཡོངས་སུ་ལོ19རིང་བསྟུད་མར་བྱི་རིམས་ཕོག་པའི་གནས་ཚུལ་གཏན་ནས་བྱུང་མ་མྱོང་།

སྤྱི་ཚོགས་འགན་བཅོལ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ། གཞི་རྩའི་རྒན་གསོ་ཞབས་ཞུའི་གསལ་ཐོ་ཁག22བཟོས་ནས། གྲོང་གསེབ་ཀྱི་རྒན་གསོའི་ཟ་ཁང44བསྐྲུན་པ་དང་། རང་མགོ་མི་ཐོན་པའི་རྒན་རྒོན་གྱི་ཁྱིམ་ཚང272ཀྱི་རྒན་པར་འཚམ་པའི་སྒྱུར་བཀོད་ལེགས་གྲུབ་བྱུང་བར་མ་ཟད། དཀའ་ངལ་ཡོད་པའི་རྒན་རྒོན7727ལ་སྒོ་རྩར་ཞབས་ཞུ་མཁོ་འདོན་བྱས་ཤིང་། མཚོ་བྱང་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་རྒྱལ་ཁབ་ཀྱི་ལྟ་ཞིབ་སྐུལ་ལྕག་བརྩོན་ལེན་བྱེད་པའི་ས་ཁུལ་དུ་གཏན་འཁེལ་བྱས། “བྱིས་པའི་གཞིས་ཁྱིམ”20བསྐྲུན་པ་དང་བུ་བཅོལ་ཁང་གི་སྒྲིག་གཞི11བཙུགས་ཡོད། རིགས་སོ་སོའི་རོགས་སྐྱོབ་མ་དངུལ་མི་ཐེངས་ཁྲི5.6ལ་སྒོར་དུང་ཕྱུར2.42འགྲེམ་གཏོང་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་བྱ་བར་ལོ་བཅུ་གཅིག་རིང་བསྟུད་མར་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་མཚན་སྙན་ཐོབ་ཡོད།

འདས་ཟིན་པའི་ལོ་གཅིག་གི་ནང་། ང་ཚོས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་སྔར་བས་མཐུན་སྦྱོར་ཡིན་པའི་དཔལ་ཡོན་མཚོ་བྱང་འཛུགས་སྐྲུན་མགྱོགས་མྱུར་ངང་སྤེལ་བ།

རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་སྒོས་འཐུས་ཚང་དུ་བཏང་བ། མ་དངུལ་སྒོར་དུང་ཕྱུར4.55བཏང་ནས་གྲོང་ཚོའི་གཞུང་ལམ་སྤྱི་ལེ550.42བསྐྲུན་པ་དང་། གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི1ལས་བརྒལ་ནས། “རྫོང་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ”[14]མངོན་འགྱུར་བྱུང་ཡོད། ཁང་ས་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར3.54་བཏང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི11.36ཟིན་ཞིང་། རོང་འབྲོག་པའི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་བཏང་བའི་ཁྱིམ་ཚང3000དང་། ས་ཡོམ་གནོད་འཚེ་ཕོག་རྗེས་ཀྱི་གྲོང་གསེབ་སྡོད་ཁང་གི་སླར་གསོ་བསྐྱར་སྐྲུན་ཁྱིམ་ཚང1769དང་། མཁར་གྲོང་གི་གཞིས་ཁུལ་རྙིང་བ1047སྒྱུར་བཀོད་བྱས་པས། མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱས། རོང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན་ལས་གྲྭ་ཁག16ལག་བསྟར་བྱས་པས། མི་ཁྲི་5.26གི་འཐུང་ཆུའི་བདེ་འཇགས་ཇེ་ལེགས་སུ་ཕྱིན་པ་དང་། སྲིད་འཛིན་གྲོང་ཚོའི4Gདྲ་རྒྱ་ཁྱབ་ཚད100%ཟིན་ཡོད།

མཁར་གྲོང་འཛུགས་སྐྲུན་གྱི་གདང་རིམ་སྤར་བ། མ་དངུལ་སྒོར་དུང་ཕྱུར32.75བཏང་ནས་མཁར་གྲོང་གི་འཛུགས་སྐྲུན་རྣམ་གྲངས120ལག་ལེན་བསྟར་བ་དང་། ནུབ་མཚོ་གྲོང་རྡལ་གྱི་སྤྱི་ཡོངས་ཀྱི་སྤུས་ཚད་མཐོར་གཏོང་དང་། མདོ་ལ་རྫོང་མུ་རི་གྲོང་རྡལ་དང་འཇུ་ལག་རྫོང་ཆུ་མིག་ཁ་གྲོང་རྡལ་གྱི་ཡིད་འོང་མཁར་གྲོང་གི་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། འཇུ་ལག་རྫོང་བྱེ་སྣ་སྔོ་ལྡང་གྲོང་རྡལ་གྱི་ཆུ་སྙིགས་དྭངས་འབྱེད་བཟོ་གྲྭ་བསྐྲུན་ནས་འཁོར་སྐྱོད་བྱས་ལ། ནུབ་མཚོ་གྲོང་རྡལ་དངུལ་མཚོའི་ཟམ་ཆེན་སྐྲུན་མགོ་ཚུགས། མཁར་གྲོང་འཛུགས་སྐྲུན་གྱི་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ227ཟིན་པ་དང་། དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི700.6ཟིན། ཆུ་མཁོ་འདོན་བྱེད་ཚད99%ཟིན་པ་དང་། སྔོ་འགྱུར་ཁེབས་ཚད28.33%ཟིན་ཡོད་ལ། སྔོ་ལྗང་ཅན་དུ་འགྱུར་ཚད24.3%ཟིན། མཁར་གྲོང་གི་ཕྱོགས་བསྡུས་ཐེག་ནུས་སྔར་བས་ཆེ་རུ་ཕྱིན་ཡོད།

གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། “1+10”[16] དང་། “4+1+N”[16]ཡི་འགན་གཙང་ལེན་དང་། “2411”[17]གི་དབུལ་བོ་བསྐྱར་ལོག་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་པ་དང་། ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ཉེན་ཁ་སེལ་ཚད16.3%ཟིན་ཞིང་། “དམར་སེར་ལྗང”འགུལ་རྣམ་གྱི་དབུལ་བོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ལམ་སྲོལ་ཞིང་ཆེན་ཡོངས་སུ་ཁྱབ་གདལ་བྱས། ནོར་སྲིད་ཀྱི་སྦྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར5.24དོན་འཁྱོལ་བྱས་པ་དང་། ཐོན་ལས་དར་རྒྱས་སོགས་ཀྱི་རྣམ་གྲངས156ལག་བསྟར་བྱས། རོགས་སྐྱོར་གྱི་ཐོན་ལས་རྣམ་གྲངས་ཀྱི་ཡོང་འབབ་སྒོར་ཁྲི5238ཟིན་པ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ལས་ཐོག་མར་བརྒལ་ཞིང་། གྲོང་ཚོའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི49.9ཡིན། འཇུ་ལག་རྫོང་ཆུ་མིག་ཁ་གྲོང་རྡལ་ལ་རྒྱལ་ཡོངས་ཀྱི“གྲོང་ཚོ་རེར་ཟོང་རྟགས་རེའི”དཔེ་སྟོན་གྲོང་རྡལ་ལ་བདམས་ཐོན་བྱུང་། མ་དངུལ་སྒོར་ཁྲི8600བཏང་ནས་ཡིད་འོང་གྲོང་གསེབ9འཛུགས་སྐྲུན་ལེགས་འགྲུབ་བྱས། དམངས་ཕན་ཁ་གསབ་སྒོར་དུང་ཕྱུར8.32འགྲེམ་གཏོང་དང་དབུལ་ཐར་ངལ་རྩོལ་ནུས་ཤུགས་མི་ཐེངས་10427ལས་ཞུགས་ཐུབ་པ་དང་། དབུལ་ཐར་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དུས་མཚུངས་ལས14.88%འཕར་ཡོད།

དཔལ་ཡོན་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་བ། “གཅིག་ཅན་བརྒྱད”ཀྱི་ཡུལ་སྲོལ་དཔལ་ཡོན་གྱི་སྐྱེད་སྲིང་བྱ་འགུལ[18]ལ་སྐུལ་འདེད་བཏང་བ་དང་། རྫོང་དང་། ཡུལ་ཚོ། གྲོང་ཚོ་བཅས་ཀྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་བྱ་ཡུལ་ཡོངས་སུ་ཁྱབ་ཅིང་། གྲོང་སྲོལ་དམངས་ཆིངས2དང་སྡེ་ཁུལ་སྤྱི་ཆིངས1ལ་ཞིང་ཆེན་རིམ་པའི་ཕུལ་བྱུང་མཚན་སྙན་ཐོབ་པ་དང་། མི5ལ“མཚོ་སྔོན་གྱི་མི་བཟང”ཞེས་པའི་མཚན་སྙན་ཐོབ། མི་རིགས་བྲོ་གར《སྐབས་དེར། གསེར་དངུལ་མེ་ཏོག་རྣམ་པར་བཞད》དང་། གཏམ་བརྗོད་ཟློས་གར《གསེར་དངུལ་ཐང》དང་། ཡུལ་བརྙན་ཟློས་གར《མདོ་ལ་རིང་མོའི་འཐབ་གླུ》དང《མདོ་ལ་རིང་མོའི་དཔའ་བོའི་བླ་སྲོག》དང་།《རྩྭ་ཐང་གི་བུ་རྒོད་མཁའ་འགྲོ་ཐར》བཅས་དང་། གླུ་གཞས《སྨོན་ལམ་མཐོན་པོ》དང་དཔེ་ཆ《གསར་བརྗེའི་རྗེས་ཤུལ221》སོགས་རིག་རྩལ་བརྩམས་ཆོས་མང་པོ་ཞིག་སྔ་རྗེས་སུ་བཏོན་པ་དང་། ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སྐབས་བརྒྱད་པ་སོགས་རིག་རྩལ་འགྲན་བསྡུར་བྱེད་སྒོ་ཁག70ལྷག་ཙམ་སྤེལ་ཞིང་། ཆོས་དབྱིངས་སྐྱིད་ལ་ཨོ་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡ་ལུས་རྩལ་འགྲན་ཚོགས་ཀྱི་འདུར་རྒྱུགས་ཁྲོད“གསེར་གྱི་རྟགས་མ་གཉིས”ཐོབ་ནས། རང་ཞིང་ལ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ“མེད་པའི”ལོ་རྒྱུས་མཇུག་རྫོགས་པར་བྱས། ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་ལ་རྒྱལ་ཡོངས་ཀྱི་ལུས་རྩལ་བྱ་གཞག་གི་བྱས་རྗེས་འབུར་ཐོན་བྱ་དགའ་ཐོབ་ནས། མཚོ་བྱང་དྲིལ་སྒྲོག་ནུས་ལྡན་བྱས་པར་མ་ཟད། ང་ཚོའི་མཚོ་བྱང་ལ་གཟི་བརྗིད་དང་འོད་སྣང་བསྩལ།

འདས་ཟིན་པའི་ལོ་གཅིག་གི་ནང་། ང་ཚོས་སྤྱི་ཚོགས་སྔར་བས་བརྟན་ལྷིང་ཡིན་པའི་འཆམ་མཐུན་མཚོ་བྱང་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་པ།

མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་གཏོང་གི“གཅིག་ཅན་བཅུ་གསུམ”[19]དང“སྐྱོད་པ་བཅུ་གཉིས”[20]ཀྱི་བྱེད་སྒོ་ཟབ་སྤེལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“བཅུ་བརྒྱ་སྟོང”[21]གི་བྱེད་ཐབས་གསར་གཏོད་བྱས་ནས། ཁུལ་རིམ་པའི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་གྲངས་འཛིན་ཅན་གྱི་འགྲེམས་ཁང་དང་ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཟུགས་བརྙན་གྱི་ལས་གྲྭ་འགའ་ཞིག་བསྐྲུན་པ་དང་། “སེ་འབྲུའི་ཁྱིམ་གཞིས”གསར་སྐྲུན་གྱི་ཁེབས་ཚད86%ལ་ཐོན་ཡོད། མདོ་ལ་རྫོང་གི“སྐུལ་སློང་ལྔའི་བྱེད་ཐབས”[22]སོགས་བྱེད་སྟངས་གསར་བ་འཚོལ་ཞིབ་བྱས་ཏེ། “ཕྱོགས་གསུམ་གཞི་གཅིག”[23]གི་ཆོས་ལུགས་ལས་དོན་གྱི་དོ་དམ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་།

གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་ཉིན་རེ་བཞིན་ཇེ་མཐོར་ཕྱིན་པ། བདེ་འཇགས་འཛུགས་སྐྱོང་གི“གཅིག་ཅན་བཅུའི”བླང་བྱ[24]དོན་འཁྱོལ་བྱས་པ་དང་། སྤྱི་ཚོགས་བཅོས་སྐྱོང་སྐུལ་འདེད་སྲོལ་ཡིག་མགྱོགས་མྱུར་ངང་གཏན་འབེབས་བྱས་ལ། ཁུལ་དང་རྫོང་། ཡུལ་ཚོའི་སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཁོར་གཏོང་ཐུབ་ཡོད། མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི“འདུམ་གཅོད་བྱེད་ཐབས་ཆུང་གྲས་དྲུག”[25]རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་ལས་ཀའི་བྱེད་ཐབས”ཀྱི་དཔེ་མཚོན་གྱོད་དཔེ་ནང་དུ་བདམས་ཐོན་བྱུང་ཡོད། རྫོང་རིམ་པའི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཁྱོན་ཡོངས་ལ་ཁྱབ་པ་དང་། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལེགས་གྲུབ་བྱུང་ཚད99.4%ཟིན། ནུས་ལྡན་ཉེན་རྟོག་གནས་ཚུལ་དང་འགོག་རུང་རང་བཞིན་གྱི་བདེ་འཇགས་གྱོད་གཞི་སོ་སོར51.67%དང་34.97%ཆག་ཡོད། སྤུས་ཚད་དང་ཚད་ལྡན་ཅན་གྱི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས། “ཐོན་རྫས་གསུམ་དང་དམིགས་བསལ་གཅིག”[26]་གི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཆུ་ཚད་ཉིན་རེ་བཞིན་ཇེ་མཐོར་ཕྱིན་པ་དང་། སློབ་གྲྭའི་ཟ་ཁང་དང་དེ་བཞིན་སློབ་གྲྭའི་ཉེ་འཁོར་གྱི་བཟའ་བཅའ། རྒན་གཞོན་སོགས་ཚོགས་སྤྱིའི་འཛད་སྤྱོད་དངོས་རྫས་དང་བྱིས་པའི་སྨན་རྫས་འཐེན་བཤེར་ཀྱི་ཚད་ལོན་ཚད་ཚང་མ100%ཟིན་ཞིང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྔར་བས་ཚད་ལྡན་དུ་ཕྱིན།

འཕྲལ་བསྟུན་དོ་དམ་གྱི་རྣམ་པ་ནུས་ལྡན་ངང་འཛུགས་སྐྱོང་བྱས་པ། འཕྲལ་བསྟུན་དོ་དམ་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་འགའ་ཞིག་དང་ཆེད་དོན་སྔོན་ཇུས་ཁག11བཏོན་པ་དང་། གཏེར་རི་དང་། སོལ་རླངས། རང་སྐྲུན་ཁང་བ་སོགས་ཁྱབ་ཁོངས་བརྒྱད་ལ་ཆེད་དོན་བཅོས་སྒྲིག་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་སྔོན་ལ་གཞི་རིམ་གྱི“འཕྲལ་བསྟུན་ལ་རྒྱུས་མངའ་ཡོད་པའི”དཔུང་ཁག་བཙུགས་ནས་བདེ་འཇགས་ཐོན་སྐྱེད་དང་། ཡོམ་འགོག་གེགས་སེལ། འབྲུབ་འགོག་ཐན་འགོག མེ་ཟོན་བདེ་འཇགས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སོགས་བདེ་འཇགས་དོགས་ཟོན་ཐད་གྲུབ་འབྲས་མངོན་གསལ་བླངས་པ་དང་། ལས་འཛོལ་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དང་རང་བྱུང་གནོད་འཚེའི་ཤུགས་རྐྱེན་ཕོག་ནས་དཔལ་འབྱོར་གྱོང་གུན་ཕོག་ཚད7.7%དང97.7%སོ་སོར་ཆག་ཡོད།

འདས་ཟིན་པའི་ལོ་གཅིག་གི་ནང་། ང་ཚོས་རང་སྐྱོང་ཁུལ་བཙུགས་ནས་ལོ་70་འཁོར་བའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་གོ་སྐབས་དམ་འཛིན་བྱས་ཏེ། རིམ་པ་སོ་སོ་དང་ཕྱོགས་སོ་སོའི་རྒྱབ་སྐྱོར་ལ་སྔར་བས་བརྩོན་ལེན་བྱས་པ། ཁ་གཏད་རོགས་སྐྱོར་སླར་ཡང་སྐས་རིམ་གསར་བ་ཞིག་ཏུ་སླེབས། ཧྲན་ཏུང་ཞིང་ཆེན་དང་དེ་བཞིན་གྲོང་ཁྱེར་བཞི། ནོར་སྲིད་པུ། ཀྲུང་དབྱང་ཁེ་ལས་བཞི་བཅས་ལ་སྤེལ་རེས་མཉམ་ལས་དམ་ཟབ་བྱས་ནས། མ་དངུལ་སྒོར་དུང་ཕྱུར་2.76བཏང་བའི་རོགས་སྐྲུན་རྣམ་གྲངས50ལག་བསྟར་བྱས་ཤིང་། ལུའུ་ཆིང་མཐོ་རིམ་སློབ་འབྲིང་སྤྱོད་མགོ་ཚུགས་པ་དང་། ཁུལ་དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་དང་། ཡུལ་ཚོ་དང་གྲོང་རྡལ། སློབ་གྲྭ། བུ་བཅོལ་ཁང་བཅས་ལ་ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་དང་ཆ་སྒྲིག་ཡོངས་སུ་ཁྱབ་པ་དང་། ཧྲན་ཏུང་གི་ཀྲུང་ལུགས་སྨན་པའི“མཚོ་བྱང་བདེ་ཐང་བྱ་འགུལ”སོགས་སྤྱི་ཕན་སྐོར་སྐྱོད་སྨན་བཅོས་ཐེངས80ལྷག་ཙམ་སྤེལ་ནས་མང་ཚོགས་ཁྲི1ལྷག་ཙམ་ལ་ཕན་ཐོགས། ཐིང་དང་ཁུལ་མཉམ་ལས་ཀྱི་རྣམ་པ་གསར་བ་བཏོད། ཞིང་ཆེན་རིམ་པའི་ཐིང་ཅུ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས། ཁུལ་དུ་སྡོད་པའི་ཞིང་ཆེན་ལས་ཁུངས་བཅས་དང་གླེང་མོལ་དང་གྲོས་མོལ་བྱེད་ཤུགས་ཆེ་རུ་བཏང་ནས། ལས་ཁུངས33དང་ཁྱབ་ཁོངས་མང་པོའི་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་བཙུགས། ཕྱོགས་མང་མཉམ་ལས་ཐད་ཚད་བརྒལ་གསར་བ་བྱུང་། སྤུན་ཟླའི་གྲོང་ཁྱེར་དང་ཁུལ། འབྲོང་ཡུལ་དང་། མཁར་ཙན། ཅིན་ཁྲང་སོགས་མཛའ་གྲོགས་ས་ཁུལ་དང་སྤེལ་རེས་འགྲོ་འོང་ཟབ་སྤེལ་བྱས་ཏེ། མཚོ་ཤར་གྲོང་ཁྱེར་བཀའ་མ་ལོག་དང་ཡ་རྫི་སོགས་ས་ཁུལ་གྱི་ཡོམ་འགོག་གེགས་སེལ་ལ་དུས་ཐོག་ཏུ་རོགས་སྐྱོར་བྱས་པ་དང་། བཅའ་སྡོད་དམག་དཔུང་ལས་ཁུངས་དང་མཉམ་དུ་རྒྱལ་སྲུང་སྐུལ་སློང་དང་། དམག་དམངས་མཉམ་འདྲེས། གཉིས་བཀུར་ལས་དོན། རུ་འཁྱུར་དམག་མིའི་ཞབས་ཞུའི་འགན་ལེན་བཅས་ཟབ་སྤེལ་བྱེད་པར་རམ་འདེགས་བྱས་ཤིང་། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་བཟོ་ཚོགས་དང་། གུང་གཞོན་ཚོགས་པ། རྒྱ་གྲམ་དམར་པོ། དབང་པོ་སྐྱོན་ཅན། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་དང་། གནམ་གཤིས་དང་། ཕྱི་འབྲེལ་ལས་དོན། ཡིག་ཚགས། ས་གནས་ཀྱི་ལོ་རྒྱུས། སྤྱི་གསོག་མ་དངུལ་སོགས་བྱ་གཞག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བྱེད་པའི་རྣམ་པ་གསར་བ་བཏད། 

འདས་ཟིན་པའི་ལོ་གཅིག་གི་ནང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོར་བརྟེན་ནས། སྔར་བས་ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་ཀྱི་ངར་ཤུགས་ཀྱིས་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་དེ་བས་མཐོང་ཆེན་བྱས། ཏང་ལ་བློ་དཀར་བའི་སྲིད་གཞུང་འཛུགས་སྐྱོང་བྱས། སློབ་སྦྱོང་ལ་བརྟེན་ནས་བསམ་བློ་བསྒྱུར་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་སྤེལ་བ། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་སྐུལ་སྤེལ་བཅས་མཐའ་འཁྱོངས་བྱས་ཏེ།“ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་ཡིན་དགོས་པ”བཅས་ལ་དམ་པོར་དམིགས་ནས། “710”གི་ལམ་ལུགས[27]སྤྱད་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཞིབ་ཚགས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། བཅར་འདྲི་དང་རྟོག་ཞིབ་ཆེན་མོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། ཞིབ་འཇུག་བྱ་གཞི་ཁག48ལ་རྟོག་ཞིབ་དང་གྲུབ་འབྲས་གཞན་སྒྱུར་གྱི་ལས་དོན་ལེགས་སྒྲུབ་བྱས། ལས་རིགས་ཁག་གིས་ཁས་ལེན་པའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་ཤུགས་བསྣན། སྲིད་གཞུང་ཁོངས་གཏོགས་ཀྱི་གོ་གནས་གསར་འཁུར་ཀྱི་མགོ་ཁྲིད་ལས་བྱེད་པའི་རྩ་ཁྲིམས་དམ་འཇོག་གི་ཚོགས་ཆེན་ཐོག་མ་འཚོགས་པ་དང་། སྲིད་འཛིན་ཐབས་ཇུས་ཀྱི་གོ་རིམ་གལ་ཆེན་གྱི་གནས་སྐབས་ལག་བསྟར་བྱེད་ཐབས་བཏོན་ཞིང་། འཆར་འགོད་ཨུ་ཡོན་ལྷན་ཁང་བཙུགས་ནས། རྩིས་བཤེར་གནད་དོན་དག་ཐེར་དང་སྤྱོད་ཚུལ་འབུར་ཐོན་གྱི་གནད་དོན། སྡོམ་རྩིས་རྫུན་བཟོ་སོགས་ཆེད་དོན་བཅོས་སྒྲིག་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བས། སྲིད་འཛིན་ཁྲིམས་བསྟར་གྱི“ལམ་ལུགས་ཁག་གསུམ”[28]ཡོངས་བསྒྲགས་བྱེད་ཚད་དང་། ཁྲིམས་བསྟར་མི་སྣས་དཔང་ཡིག་བླངས་ཏེ་ལས་གནས་སུ་ཞུགས་ཚད་ཚང་མ100%ཟིན། མདའ་བཞི་རྫོང་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་རྫོང་ཁག་དང་པོར་བདམས་ཐོན་བྱུང་། མང་ཚོགས་བློ་ཡིད་ཚིམ་པའི་འཇོན་ལྡན་སྲིད་གཞུང་བཙུགས། ནོར་སྲིད་ཀྱིས་དམངས་འཚོར་སྤྱོད་པའི་གཏོང་སྒོའི་བསྡུར་ཚད83%ཟིན་པ་དང་། རིགས་ཆེ་གྲས་བཅུའི་དམངས་འཚོའི་བྱ་བ་དངོས་49ཚང་མ་ལེགས་གྲུབ་བྱུང་། མདའ་བཞི་རྫོང་ནི་ནུབ་བྱང་གི་ཞིང་ཆེན་ལྔའི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཚད་ལྡན་ཅན་གྱི་ཕྱོགས་བསྡུས་ཚོད་ལྟའི་གནས་དང་པོར་བཞག ཁུལ་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་དོན་ཚན་དྲ་ཐོག་ནས་སྒྲུབ་ཚད95%་ཟིན་པ་དང་། སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར12345ལ་རྒྱལ་ཁབ་རིམ་པའི“སྤུས་ཚད་མཐོར་ཕྱིན་མིག་དཔེ”དང“ཆེད་ལས་སྤུས་ལེགས་ཀྱི་མིག་དཔེ”གཉིས་ཀྱི་བྱ་དགའ་ཐོབ། ཞིང་ཆེན་དང་ཁུལ་དམངས་ཆེན་གྱི་འཐུས་མིའི་གྲོས་མགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཁག64སྒྲུབ་གཉེར་བྱས་པར་བློ་ཡིད་ཚིམ་ཚད100%ཟིན་ནས། སྲིད་གཞུང་གི་ལས་དོན་སྔར་བས་དངོས་གཉེར་དང་ལས་ཕྱོད་ཆེ་རུ་ཕྱིན། མང་ཚོགས་ཀྱི་ཡིད་ཆེས་དང་རྒྱབ་སྐྱོར་ཡོད་པས། ང་ཚོས་སྲིད་གཞུང་གི་ལས་དོན་ལེགས་པོ་སྒྲུབ་པའི་གདེང་ཚོད་དང་ངར་ཤུགས། ཡིད་ཆེས་སྔར་བས་ཆེ་རུ་ཕྱིན།

འཐུས་མི་རྣམ་པ། གྲུབ་འབྲས་འདི་དག་ལེན་ཐུབ་པ་ནི། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐུགས་ཁུར་ཡིན་ལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་དང་། ཧྲན་ཏུང་ཞིང་ཆེན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་ཁེ་ལས་བཅས་ཀྱི་རྒྱབ་སྐྱོར་དང་རོགས་རམ། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར། སྐབས་རིམ་བྱུང་གི་མགོ་ཁྲིད་ཚན་ཁག་གི་འབད་བརྩོན། ཁུལ་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ཀྱི་འབྲས་བུ་ཡིན།

འདས་ཟིན་པའི་ལོ་གཅིག་གི་ནང་དུ། མི་རེ་རེས་ཆེས་ཕལ་བའི་ལས་གནས་སུ་ཕལ་བ་མིན་པའི་ལས་ཀ་བསྒྲུབས།

འདི་ནས་ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་། དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་གྲས། དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ། ཁུལ་དུ་བཅའ་སྡོད་བྱས་པའི་དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔོན་དམག མེ་ཟོན་རོགས་སྐྱོབ་དཔུང་ཁག་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས།

བྱ་བར་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་ནའང་སྔར་བཞིན་དཀའ་ངལ་མི་ཉུང་བ་ཞིག་ལ་འཕྲད་ཡོད་ཅིང་། གཙོ་བོ་ནི་ཁུལ་ཡོངས་ཀྱི་ཐོན་ལས་ཕྱོགས་སྒྱུར་གྱི་གོམ་སྟབས་སྔར་བཞིན་དལ་བ་དང་། བཟོ་ལས་ཀྱི་རྨང་གཞི་ཅུང་ཞན་པ། ཕུགས་ཡུན་གྱི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་རྣམ་གྲངས་གསོག་འཇོག་སྔར་བཞིན་མི་འདང་ཞིང་། སྤྱི་ཚོགས་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་སྒྲིག་སྲོལ་དང་ལམ་སྲོལ་ད་དུང་འཐུས་ཚང་མིན། གྲོང་གསེབ་དར་སྤེལ་གཏོང་བའི་ཐོན་ལས་ཀྱི་རྨང་གཞི་ད་དུང་བརྟན་པོ་མིན་ཞིང་། སྲིད་གཞུང་ཁོངས་གཏོགས་ཀྱི་ལས་བྱེད་པའི་སྤྱོད་ཚུལ་སྔར་བཞིན་ཇེ་ལེགས་སུ་གཏོང་དགོས། དེར་བརྟེན། ང་ཚོས་དངོས་སྒྲུབ་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ཐག་གཅོད་ནན་ཏན་བྱ་རྒྱུ་ཡིན།

2024ལོའི་ལས་ཀའི་བསམ་ཕྱོགས་དང་ལས་འགན་གཙོ་བོ།

2024ལོ་ནི་བརྗོད་དོན་སློབ་གསོའི་གྲུབ་འབྲས་དངོས་ཐོག་ལ་འབབ་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་བསྒྱུར་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་ཀྱི་འགག་རྩའི་ལོ་ཞིག་ཡིན་ལ། “ལྔ་བཅུ་བཞི”ཡི་འཕེལ་རྒྱས་དམིགས་ཚད་ལ་སླེབས་པར་འབད་པ་དང་། འགན་འཁྲི་འཁུར་ཕོད་པ་དང་དངོས་སྒྲུབ་བཅས་བྱས་ནས་“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་ལོ་ཞིག་ཀྱང་ཡིན། ད་ལོའི་སྲིད་གཞུང་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ། བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་མཐོར་འདེགས་གཏོང་བ།  སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་དུ། “ལས་བྱེད་པས་ལས་ཀ་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ”བཅས་ཀྱི་བླང་བྱ་ནན་ཏན་གྱིས་ལག་ཏུ་བསྟར་བ། “243”འཕེལ་རྒྱས་ཀྱི་བཀོད་པ་མགྱོགས་མྱུར་གྱིས་འཛུགས་པ་དང་། “མདུན་གྲལ་དུ་སྐྱོད་པ་གསུམ”[29]ལ་སྐུལ་འདེད་གཏོང་བ། བརྟན་བརླིང་ཁྲོད་འཕེལ་རྒྱས་དང་། འཕེལ་རྒྱས་ཀྱིས་བརྟན་བརླིང་སྲུང་བ། སྔོན་ལ་འཛུགས་པ་དང་རྗེས་ནས་ཞིག་པ་བཅས་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ། ནང་མཁོ་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་གཏོང་བ། རྣམ་པ་གསར་པའི་གྲོང་རྡལ་ཅན་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་བྱེད་པར་སྤྱི་ཁྱབ་བཀོད་འདོམས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་ཁྱབ་བཀོད་འདོམས་བྱེད་པ། དཔལ་འབྱོར་གྱི་གསོན་ཤུགས་འཕེལ་ཐབས་བྱེད་པ་དང་། ཉེན་ཁ་སེལ་ཐབས་དང་འགོག་སྲུང་བྱེད་པ། སྤྱི་ཚོགས་ཀྱི་རེ་འདུན་ཇེ་ལེགས་སུ་གཏོང་བ། མི་དམངས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་བ། སྤྱི་ཚོགས་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ། “མཚོ་བྱང་ལྔ”འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པར་མུ་མཐུད་དུ་སྐུལ་འདེད་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་མཚོ་བྱང་གི་ལེའུ་ཧུར་ཐག་གིས་རྩོམ་པ་བཅས་ཡིན།

ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར5%ཡས་མས་འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང3%ཡས་མས་འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས8%ཡན་འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྡོམ་འབོར6%ཡན་འཕར་བ། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ6%འཕར་བ། དེའི་ནང་གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ7%འཕར་བ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་དུས་མཉམ་དུ་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་དང་ལས་ཤོར་བརྟག་དཔྱད་བྱེད་ཚད་སོ་སོར3.5%ནང་ཚུན་དང5.5%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། འབྲུ་རིགས་སྐྱེ་དངོས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི31ཡན་བརྟན་པོ་ཡོང་བ་བྱས་ནས་སྤྱིའི་ཐོན་འབོར་ཏུན་ཁྲི6.3ཡན་རྒྱུན་འཁྱོངས་ཐུབ་པ། མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་སྡུར་ཚད་དེ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་དུ་སླེབས་པ་དང་། ཆུ་བོ་གཙོ་བོ་ཁུལ་ཁོངས་ནས་བུད་པའི་བཅད་ངོས་ཀྱི་སྤུས་ཚད་རིམ་པIIཡན་བརྟན་པོའི་ངང་རྒྱུན་འཁྱོངས་ཐུབ་པ། ནུས་རྒྱུ་ཟད་གྲོན་གྱི་ཚད་དེ“ལྔ་བཅུ་བཞི”འཆར་གཞིའི་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ནང་ཚུན་དུ་ཡོད་པ། སྦགས་བཙོག་དངོས་པོ་ཕྱིར་འབུད་ཀྱི་དམིགས་ཚད་དེ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་བཅས་ཡིན།

ལོ་གསར་པར་ང་ཚོས་མཚོ་བྱང་གི་དོན་དངོས་ལ་གཞི་ཚུགས་ཏེ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཐད་དངོས་འཐབ་འབད་འཐབ་བྱ་རྒྱུ་ཡིན།

ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཐོན་ཁུལ་གྱི་སྣེ་ཁྲིད་ཁུལ་གཏོད་རྒྱུར་དམིགས་ཏེ། ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཐོན་ཁུལ་འཛུགས་སྐྲུན་བྱེད་པ་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱས་ཏེ། “སོན་བཟང་དང་སྤུས་མཐོ། ཁ་གྲངས་གཏན་འཇགས།  སྦྲེལ་ཐག་ཁ་གསབ། ཕྱིར་གཏོང་རྒྱ་སྐྱེད། ཕན་འབྲས་ཆེར་གཏོང་”བཅས་ཀྱི་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ། རྨོ་ཞིང་མུའུ་ཁྲི87.02དང་གཏན་འཇགས་ཀྱི་གཞི་རྩའི་ཞིང་སའི་དམར་ཐིག་མུའུ་ཁྲི77.87ནན་སྲུང་བྱ་རྒྱུ་དང་། ཚད་གཞི་མཐོ་བའི་ཞིང་ས་མུའུ5000སྒྱུར་བཀོད་རིམ་སྤོར་བྱ་རྒྱུ། ཞིང་ལས་སྐྱེ་དངོས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི85ཡན་བརྟན་པོ་ཡོང་བ་བྱ་རྒྱུ། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”སྐྱེད་སྲིང་དང་གདེང་འཇོག་ཐོབ་ཚད་ལ་ཤུགས་སྣོན་པ་དང་། “མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་བོ”ཡི་ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་དྲིལ་སྒྲོག་འོས་སྦྱོར་གཏིང་ཟབ་ཏུ་གཏོང་བ་དང་། “ས་ཁུལ་གསུམ་དང་ཚོང་སྒྲོམ་བརྒྱ”[30]ཡི་ལོ་གསུམ་བྱ་འགུལ་ལག་བསྟར་བྱས་ཏེ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་འཚོང་ལམ་བུ་རྒྱ་ཆེར་གཏོང་རྒྱུ། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུ”ཡི་ལེ་ལག་ཚང་བའི་ལས་གྲྭ[31]མུ་མཐུད་ལག་བསྟར་བྱས་ཏེ། མདོ་ལ་དང་རྐང་ཚ་རྫོང་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་བོད་ལུག་དང་འབྲི་གཡག་གི་རྒྱུད་བཟང་མཁོ་འདོན་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། འཇུ་ལག་རྫོང་གི་སྤུས་ལེགས་ནས་དང་ལོག་དཀར་གྱི་སོན་བཟང་གསོ་སྤེལ་རྟེན་གཞི་མགྱོགས་མྱུར་བསྐྲུན་རྒྱུ། ཁུལ་གྱི་ས་མཐོའི་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གི“འབྲི་གཡག་གི་བརྗོད་དོན་སྤྱི་གླིང”དང“ཞིང་འབྲོག+རིག་གནས་གནས་སྐོར”གྱི་ལག་ལེན་རྟེན་གཞི་བསྐྲུན་རྒྱུ། ལྗང་མདོག་སྐྱེ་ལྡན་གྱི་གཉེར་སྐྱོང་རྩ་འཛུགས་གསར་པ་གཏན་འཁེལ་གྱི་དོ་དམ་བྱ་ཐབས་བཟོས་ཏེ། ཁྱིམ་ཚང་གིས་ཁ་ཐོར་གཉེར་སྐྱོང་བྱེད་པ་རྩ་འཛུགས་ཅན་དང་། གཞི་ཁྱོན་ཅན། བསྡུས་གྲོན་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་སྣེ་འདྲེན་ཁེ་ལས5སྐྱེད་སྲིང་ཐུབ་པ་བྱེད་རྒྱུ་དང་། འཇུ་ལག་རྫོང་གི་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་དང་། མདོ་ལ་དང་མདའ་བཞི། རྐང་ཚ་བཅས་རྫོང་གསུམ་གྱི་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་དང་། མདོ་ལ་རྫོང་གི་བོད་ལུག་གི་རྒྱལ་ཁབ་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆ་ལྡན་པའི་ས་ཁུལ་འཛུགས་སྐྲུན་བཅས་ལ་རམ་འདེགས་བྱེད་རྒྱུ། 

ནུས་རྒྱུ་གཙང་མའི་ཐོན་སྐྱེད་བེད་སྤྱོད་ལ་སྐུལ་འདེད་གཏོང་བའི་ས་ཁུལ་གཏོད་རྒྱུར་དམིགས་ཏེ། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་བརྟན་པོ་གཏོང་རྒྱུ། ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་གྱི་ཁྱབ་འགྱེད་ཁུལ་དང་རྗེས་གྲབས་ཁུལ་འཛུགས་པའི་ངེས་གནས་ཚད་གཞིར་བཟུང་སྟེ། ཁུལ་ཁོངས་ཀྱི་ཉི་ནུས་དང་། རླུང་ནུས། ཆུ་ནུས་སོགས་ནུས་རྒྱུ་གཙང་མའི་གསོག་ཚད་སྟོང་ཝ་དུང་ཕྱུར1ཙམ་ཟིན་པའི་ལེགས་ཆ་འདོན་སྤེལ་བྱས་ནས་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་ངང་བསྐུན་རྒྱུ། བྲ་སོག་དང་ཆུ་ཁོལ། རྐྱང་ཐང་། སྐྱིད་ལུང་། ཁིས་ཐུར་བཅས་ཀྱི་འོད་ཤུགས་གླིང་ཁུལ5དང་། ཆུ་ཁོལ་དང་ལོ་རྒན། ཝ་མགྱོགས་ཆུ་བོ་བཅས་ཀྱི་རླུང་གློག་རྟེན་གཞི་གསུམ་ལ་བརྟེན་ནས་ནུས་མང་གསབ་རེས་དང་། ཕྱུགས་འོད་གསབ་རེས། “གློག་ཁུངས་དང་གློག་དྲ། ཐེག་རྩོལ། ནུས་གསོག”གཞི་གཅིག་ཅན་དང་། ཆུ་འཐེན་ནུས་གསོག རླུང་གནོན་ནུས་གསོག ཆིང་གསོག་ཆིང་འདྲེན་སོགས་རྣམ་གྲངས་ཀྱི་གསར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཆུ་ཁོལ་གྱི་སྟོང་ཧྥུ750ཡི་གློག་འདྲེན་དང་། ཐང་ཧུ་གློག་དྲའི་སྟོང་ཝ་ཁྲི2×66སོགས་ཀྱི་རྒྱ་སྐྱེད་ལེགས་བཅོས་འཛུགས་སྐྲུན་ལས་གྲྭའི་མིག་སྔའི་ལས་རིམ་གྱི་མྱུར་ཚད་ལ་སྐུལ་འདེད་གཏོང་རྒྱུ། ཆུ་དམར་ཁུག་དང་ཆུ་ཁོལ་སོགས་ཐོན་ལས་གླིང་ཁུལ10ཡི་རིགས་སྒྱུར་རིམ་སྤོར་དང་། གཙོ་གནད་གསོ་སྐྱོང་ཁེ་ལས་ཀྱི་ཚད་གཞི་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། སྲོལ་རྒྱུན་བཟོ་ལས་ཐོན་ལས་ལ་ཚན་རྩལ་ཅན་གྱི་སྒྱུར་བཀོད་བྱེད་རྒྱུ། ཐོན་རྫས་སྤུས་ལེགས་ཅན་དུ་རིམ་སྤོར་བྱེད་པ་དང་རྡོ་སོལ་འཁྲུ་འདེམ་ཁེ་ལས་ཚོང་ར་ཅན་གྱི་འཁོར་སྐྱོད་ལས་ཕྱིར་འབུད་པ་བཅས་བྱེད་རྒྱུ་དང་། ལེ་ལག་ཚང་བའི་ཁེ་ལས་ནང་འདྲེན་བྱས་ཏེ་མདུན་སྣེ་ཁ་གསབ། བར་སྣེ་སྟོབས་ཆེན། མཇུག་སྣེ་རྒྱུན་བསྲིངས་བཅས་བྱེད་པ་དང་། བཟོ་ལས་ཐོན་ལས་ལྗང་མདོག་ཅན་དང་ཚོགས་ཁྱུ་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས་ཀྱིས་བཤས་གཏོང་གི་ཐོག་མའི་ལས་སྣོན་དང་། ཐོན་རྫས་སྤུས་ལེགས་ལས་སྣོན། ཟས་རིགས་བཙོས་མའི་ཞིབ་ཚགས་ལས་སྣོན། བརྒྱུད་རིམ་ཧྲིལ་པོའི་འཁྱགས་སྦྲེལ་སྡེབ་སྐྱེལ་བཅས་ཀྱི་འབྲེལ་ཐག་གསབ་རྒྱུར་སྐུལ་ལྕག་གཏོང་རྒྱུ། རང་ས་རང་ཡུལ་གྱི་ཁེ་ལས་ཀྱིས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ལས་སྒོ་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་ར་བཟུང་ཚད་མཐོ་རུ་གཏོང་རྒྱུ།

སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དང་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཁུལ་བསྐྲུན་རྒྱུར་དམིགས་ཏེ། ཞབས་ཞུའི་ལས་རིགས་མགྱོགས་མྱུར་སླར་གསོ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་དམིགས་ཏེ། མཚོ་བྱང་གི་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་དང་། གསར་བརྗེའི་ཐོན་ཁུངས། མི་རིགས་ཀྱི་ལོ་རྒྱུས་རིག་གནས་བཅས་ལ་བརྟེན་ནས་“གནས་སྐོར+”ཅན་གྱི་ཐོན་ལས་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། “ལྟེ་བ་གཅིག་དང་སྐོར་གཅིག་རྒྱུད་མང་”གི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་བཀོད་པའི[32]ནང་དུ་ཟབ་ཞུགས་བྱས་ཏེ།  མཚོ་སྐོར་བྱང་ངོགས་ཀྱི་དམིགས་བསལ་གཉེར་སྐྱོང་ས་ཚིགས6གི་རིམ་པ་མཐོར་འདེགས་ཀྱིས་གཉེར་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། “123”གྱི་Aརིམ་པའི་མཛེས་ལྗོངས་ཁུལ་གསར་སྐྲུན་ལས་གྲྭ[33]མུ་མཐུད་དུ་ལག་བསྟར་བྱེད་པ་དང་། གསེར་དངུལ་ཐང--རྡུལ་ཕྲན་མཁར--མཐོན་པོ་སྒང་བཅས་རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་དུ་བསྐྲུན་རྒྱུ་བརྩོན་ལེན་བྱེད་པ་དང་། 4A རིམ་པའི་མཛེས་ལྗོངས་ཁུལ་གཉིས་དང3A རིམ་པའི་མཛེས་ལྗོངས་ཁུལ4ཡི་ཡན་འཛུགས་རྒྱུ་དང་། ཀྲུང་གོའི་རྡུལ་ཕྲན་མཁར་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་གྱི་འཛུགས་སྐྲུན་རྣམ་གྲངས་དོན་འཁྱོལ་ཡོང་བའི་བརྩོན་ལེན་བྱ་རྒྱུ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ས་ཚིགས31དང་། གསར་བརྗེའི་སློབ་གསོའི་རྟེན་གཞི65དང་། མཁའ་དམག་སྲུང་སྐྱོང་དཔུང་སྡེའི་གནས་རྙིང16བཅས་ཡག་པོ་བསྐྲུན་པ་དང་བེད་སྤྱོད་ཡག་པོ་བྱེད་རྒྱུ། “སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་བསྙེགས་པ”ཞེས་པའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་རྒྱུ་དང་། “སྐྱེ་ཁམས་མྱོང་རོལ+གསར་བརྗེའི་ཞིབ་འཇུག་སློབ་སྦྱོང”གི་ཁྱད་ཆོས་ལྡན་པའི་གནས་སྐོར་འཕེལ་རྒྱས་བཏང་སྟེ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་སྒུལ་ནུས་གསར་བ་བསྐྲུན་པ། མཚོ་སྔོན་དང་ཀན་སུའུ། མཚོ་བོད། མཚོ་སྔོན་དང་ཤིན་ཅང་། མཚོ་སྔོན་དང་སི་ཁྲོན་བཅས་ཀྱི་སྐྱེ་ཁམས་གནས་སྐོར་གྱི་ལམ་ཐིག་ནང་རང་འགུལ་ངང་ཞུགས་པ་དང་། ས་ཁོངས་གནས་སྐོར་མཛེས་ལྗོངས་ཁུལ་གྱི་མནའ་འབྲེལ་སོགས་མཉམ་ལས་ལམ་སྲོལ་སྤྱད་དེ། “མྱུར་སྐྱོད་དལ་སྐོར”གྱི་མ་ལག་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྫོང་ཁག་གིས“གནས་སྐོར+རྐང་བགྲོད”ཅེས་པའི་ལམ་ཐིག་རྩེ་གྲ་གཉིས་ཡན་གཏོད་རྒྱུ། གནས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་འཐུས་ཚང་དུ་བཏང་ནས། མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་དང་། ཉ་གཟིགས་དུས་ཆེན། འཇུ་ལག་གི་ལོག་དཀར་རིག་གནས་གནས་སྐོར་སོགས་བྱེད་སྒོ་རབ་དང་རིམ་པའི་ཟོང་རྟགས་སྟོབས་ཆེར་གཏོང་དགོས་ཤིང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་གསེར་ཉ་ཕྱིར་རྐྱལ་བྱེད་པ་ཐད་གཏོང་བྱེད་པར་རོགས་རམ་བྱེད་རྒྱུ། “མི་ཁྲི་ཉི་ཤུ་མཚོ་བྱང་དུ་གནས་སྐོར་དུ་འགྲོ་བ”སོགས་དྲིལ་སྒྲོག་འོས་སྦྱོར་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ། རིག་གནས་གསར་གཏོད་ཀྱི་ཐོན་རྫས་ལ་ཞིབ་འཇུག་གསར་སྤེལ་ཤུགས་ཆེན་བྱེད་རྒྱུ། ཆོས་དབྱིངས་སྐྱིད་ཀྱི“སྣང་བརྙན་ཕོ་ཉའི”ཤུགས་རྐྱེན་ཡག་པོ་སྤྱོད་རྒྱུ། “དག་སྣང་མཚོ་བྱང་དང་། གསེར་མདོག་འཇུ་ལག ལྷ་ཁམས་མདོ་ལ། བོད་མཁར་རྐང་ཚ། བདེ་བརྟན་མདའ་བཞི”བཅས་ཀྱི་སྐད་གྲགས་ཆོད་ཚད་ཇེ་ཆེར་གཏོང་རྒྱུ་དང་། “མདོ་ལར་ཕྱིན་ཚེ་རི་གཞན་ལྟ་འདོད་མེད། རྐང་ཚར་ཕྱིན་ཚེ་མཚོ་གཞན་ལྟ་འདོད་མེད”ཅེས་པ་མི་སེམས་ལ་ཟུག་པར་བྱེད་དགོས། གཞི་གྲངས་ཆེན་མོའི་ཐོན་ལས་རྣམ་གྲངས་ཁག་ཅིག་ནང་འདྲེན་བྱས་ཏེ་ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། གུང་གསེང་དང་མཚན་མོའི་དཔལ་འབྱོར་དང་གནས་སྐོར་རྒྱུག་དུས་སྤྱད་དེ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་ཤུགས་འདོན་སྤེལ་བྱེད་རྒྱུ། སྔར་ལས་ལྷག་པའི་སྒོ་ནས་ལམ་བར་གྱི་ཁོར་ཡུག་བཅོས་སྒྲིག་དང་། ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། གནས་སྐོར་བར་མཚོ་བྱང་གི་མཛེས་ལྗོངས་ཚོར་དུ་འཇུག་དགོས།

ལོ་གསར་པའི་ནང་ང་ཚོས་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་ནང་དོན་ཟབ་ཏུ་གཏོང་བའི་ཐད་དངོས་འཐབ་འབད་འཐབ་བྱ་རྒྱུ་ཡིན།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་རྒྱུ། “བཙན་ས་གཅིག་དང་སྤྱི་གླིང་གཉིས”[34]འཛུགས་པར་དམིགས་ཏེ། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཁུལ་གསར་འཛུགས་དང་རང་བྱུང་སྲུང་སྐྱོང་ཁུལ17འཛུགས་སྐྲུན་བྱེད་པར་མུ་མཐུད་སྐུལ་འདེད་བཏང་སྟེ། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུ་བརྩོན་ལེན་བྱ་རྒྱུ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་མགྱོགས་མྱུར་བསྐྲུན་རྒྱུ། “བར་སྟོང་གསུམ་དང་མཐའ་ཐིག་གསུམ”གྱི་བླང་བྱ་དོན་འཁྱོལ་བྱས་ཏེ། འདམ་ར་སྲུང་སྐྱོང་སྲོལ་ཡིག་གང་མགྱོགས་བཟོ་བ་དང་། སྐྱེ་ཁམས་མ་ལག་གི་ཐོན་སྐྱེད་རིན་ཐང་སྡོམ་འབོར་རྩིས་བཤེར་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་ཚོད་ལྟ་བྱེད་པ། ཙོང་ཆུ་འབབ་རྒྱུད་ཀྱི་ས་ཁོངས་ལས་བརྒལ་བའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ། རེས་སྐོར་གསར་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་ཚད་ལྡན་དུ་གཏོང་བ་དང་། རྩྭ་ཕྱུགས་དོ་སྙོམས་དང་རྩྭ་ཐང་གི་ཕྱུགས་བཀག་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ4600ལྷག་ཙམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྩྭ་ར་མུའུ་ཁྲི2765དང་ནགས་ས་མུའུ་ཁྲི793གྱི་སྐྱེ་ཁམས་ཁོར་ཡུག་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་རྒྱུ། རང་བྱུང་རྩྭ་ཐང་གི་ཕྱུགས་ཟོག་ཤོང་ཚད་ལུག་ཁྲི276ནང་ཚུན་དུ་ཚོད་འཛིན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྲུང་ཡོལ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། “ཐཱན་རྩེར་སོན་གྱི་བྱ་འགུལ་ཆེན་པོ་བཅུ”[35]ལག་བསྟར་བྱེད་པ་དང་། “མཐོ་གཉིས་དམའ་གཅིག་”གི་རྣམ་གྲངས[36]གསར་སྣོན་བྱེད་པར་བཀག་འགོག་བྱེད་པ། ནགས་ལས་དང་རྩྭ་ཐང་གི་ཐཱན་འདུས་ཚོད་ལྟ་བྱེད་པར་སྐུལ་འདེད་གཏོང་བ་དང་། གཙོ་གནད་ལས་རིགས་ཀྱི་ནུས་ཁུངས་གྲོན་ཆུང་བསྒྱུར་བཀོད་བྱེད་པར་ཁྲིད་སྟོན་བྱེད་པ། ནུས་ཁུངས་ཟད་གྲོན་གཉིས་ཚོད་འཛིན་བྱེད་པ་དེ་རིམ་བཞིན་ཐཱན་འབུད་གཏོང་གཉིས་ཚོད་འཛིན་བྱེད་པར་བསྒྱུར་རྒྱུ། སྐྱེ་ཁམས་སློབ་གྲྭ18དང་རང་བྱུང་སློབ་གསོའི་རྟེན་གཞི7དང་། དོ་དམ་སྲུང་སྐྱོང་ས་ཚིགས29བཅས་བེད་སྤྱོད་ཡག་པོ་བྱས་ནས། དམངས་ཡོངས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་ཁུལ་མཉམ་སྐྲུན་བྱ་རྒྱུ།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་བའི་གནད་དོན་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་ཧུར་ཐག་གིས་གཏོད་རྒྱུ། རི་ཆུ་ནགས་ཞིང་མཚེའུ་རྩྭ། བྱེ་མ། འཁྱགས་རོམ་བཅས་ཀྱི་རྣམ་པ་ཧྲིལ་པོ་དང་གཞི་གཅིག་ཅན་གྱི་སྲུང་སྐྱོང་ལ་སྐུལ་འདེད་བཏང་སྟེ། མ་དངུལ་སྒོར་དུང་ཕྱུར་4.37བཏང་བའི་ཙོང་ཆུ་འབབ་རྒྱུད་ཀྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་གཞི་ལག་བསྟར་ཡག་པོ་བྱེད་རྒྱུ། “གཙང་པོ་གསུམ་དང་མཚེའུ་གཅིག”[37]གི་མགོ་ཁུངས་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ། ཙོང་ཆུ་དང་བར་དམ་ཆུ་འབབ་རྒྱུད་ཀྱི་བཅོས་སྐྱོང་མནའ་འབྲེལ་གཏིང་ཟབ་ཏུ་གཏོང་བ་དང་། གཙང་པོ་དང་མཚེའུ་ཡི་“གང་བྱུང་བཞི”[38]རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། འཇུ་ལག་ཆུ་བོ་དང་གཡང་ལུང་ཆུ་བོ་སོགས་ཀྱི་བཞུར་རྒྱུན་ཧྲིལ་པོའི་ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་རྒྱུ། བྱེ་འགོག་བྱེ་བཅོས་ཀྱི་ལོ་གསུམ་བྱ་འགུལ་སྤེལ་ནས་སྤྱིའི་བཅོས་སྐྱོང་རྒྱ་ཁྱོན་མུའུ་ཁྲི36ཟིན་པའི་“བྱང་གསུམ”གྱི་ཙོང་ཆུའི་དུས་ཐེངས་དྲུག་པ་དང་། མཚོ་སྔོན་པོ་འབབ་ཡུལ། བར་དམ་ཆུའི་མགོ་ཁུངས་ཁུལ་བཅས་ཀྱི་ཆུ་ཁུངས་གསོ་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་རྣམ་གྲངས་དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱས་ཏེ། མཚོ་སྔོན་པོའི་བྱང་ངོགས་ཀྱི་བྱེ་འགོག་བྱེ་བཅོས་དང་མཐོན་པོ་སྒང་ཁུལ་གྱི་རྩྭ་ཐང་གི་སྐྱེ་ཁམས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཆོག་འཐུས་དོ་དམ་དང་ཉེན་ཁའི་དོ་དམ་ལ་ཚོད་འཛིན་ནན་མོ་བྱས་ཏེ། ས་རྒྱུའི་སྦགས་བཙོག་འགོག་བཅོས་ཆུ་ཚད་མཐོ་རུ་གཏོང་རྒྱུ། “གནད་སྨིན་ལྔ”[39]ལ་དམ་པོར་དམིགས་ཏེ། རླུང་ཁམས་ཆེན་མོའི་ཁོར་ཡུག་དྲ་མིག་ཅན་གྱི་ཞིབ་ཚགས་དོ་དམ་ཚོད་འཛིན་ཆུ་ཚད་མཐོ་རུ་བཏང་སྟེ། མཁའ་དབུགས་ལེགས་པའི་ཉིན་གྲངས་ཀྱི་སྡུར་ཚད་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ།

ལོ་གསར་པའི་ནང་ང་ཚོས་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། དཔལ་འབྱོར་འཕར་སྣོན་གྱི་སྒུལ་ནུས་གསོག་འཇོག་བྱེད་པའི་ཐད་དངོས་འཐབ་འབད་འཐབ་བྱ་རྒྱུ་ཡིན།

རྣམ་གྲངས་ཀྱི་མ་འཇོག་ལ་མགྱོགས་མྱུར་ངང་སྐུལ་ཁྲིད་བྱེད་རྒྱུ། “རྣམ་གྲངས་གཙོ་བོར་འཛིན་པའི”འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། “ལམ་སྲོལ་ལྔ”[40]སྤྱད་དེ་རྣམ་གྲངས་དམ་འཛིན་དང་མ་འཇོག་ལ་སྐུལ་འདེད་གཏོང་རྒྱུ། “གསར་པ་གཉིས་དང་གལ་ཆེན་གཅིག”[41]དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། སྤྱི་ཚོགས་བྱ་གཞག ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ལས་གཞི་གལ་ཆེན་ཁག་ཅིག་ཇུས་འགོད་དང་རིགས་སྒྲུབ་བྱས་ཏེ། སྐྱེ་ཁམས་གནས་སྐོར་དང་། སྐྱེ་ཁམས་ཞིང་ཕྱུགས། ནུས་ཁུངས་གཙང་མ། གཞི་གྲངས་ཆེན་མོའི་ཐོན་ལས་སོགས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་རྒྱུ། “ལྔ་བཅུ་བཞི”འཆར་འགོད་ཀྱི་དུས་དཀྱིལ་གྱི་དཔྱད་དཔོག་རྣམ་གྲངས་མཛོད་གསར་སྒྱུར་དང་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་རྒྱུ། རྣམ་གྲངས541རེ་ཞུ་བྱེད་པའི་དུས་མགོའི་ལས་དོན་ཡག་པོ་བསྒྲུབ་སྟེ། རྣམ་གྲངས་སྔར་ལས་མང་བ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འཆར་གཞིའི་ནང་འཇུག་ཐུབ་པའི་བརྩོན་ལེན་བྱེད་རྒྱུ། ལག་བསྟར་འཆར་གཞི211གི་རྣམ་གྲངས་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་བཏང་སྟེ། ཤྭ་ཐང་ཆུ་མཛོད་དང་། དངུལ་མཚོའི་ཟམ་ཆེན། འཇུ་ལག་ཆུའི་ཟམ་ཆེན་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་མ་དངུལ་འཇོག་ཚད་མགྱོགས་མྱུར་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པའི་བརྩོན་ལེན་བྱེད་དགོས།

སྤྱོད་ཆོག་པའི་རྒྱུ་ནོར་གྱི་འབྱུང་ཁུངས་གསོ་སྐྱོང་ཤུགས་ཆེན་བྱ་རྒྱུ། ཁྲལ་འཕྲི་དངུལ་གཅོག་དང་། མ་དངུལ་བསྡུ་སྒྲིལ་དང་དངུལ་བུན་སྐྱེད་ཀ་སྤྲོད་པ་སོགས་སྲིད་ཇུས་ཀྱི་ལེགས་ཆ་དོན་འཁྱོལ་དང་། པེ་རིན་རྒྱལ་དབང་མ་དངུལ་བསྡུ་སྒྲིལ་ཁག་ཐེག་སྤྱི་གཉེར་དང་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་སོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་བྱ་དགའི་མ་དངུལ་སྒོར་དུང་ཕྱུར1དང་ཀུན་ཕན་དངུལ་རྩ་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི5000བེད་སྤྱོད་ཡག་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་ཐོན་ལས་མ་ལག་ཇེ་ལེགས་སུ་གཏོང་བ་དང་། རྒྱུ་ནོར་གྱི་འབྱུང་ཁུངས་གསོ་སྐྱོང་བྱེད་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་འགག་སྒོ་ནན་སྲུང་དང་། དངུལ་རྩའི་ལས་ཁུངས་ཀྱི་ཉེན་ཁ་སྔོན་འགོག་ནན་པོ་བྱས་ཏེ། ནོར་སྲིད་དང་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཐིག་རྨང་སྔོན་རྩིས་དང་ལས་ཀའི་སྔོན་རྩིས་དོ་དམ་ཟབ་སྤེལ་དང་། ནོར་ཤུགས་གཅིག་བསྡུས་ཀྱིས“འགན་ལེན་གསུམ”[42]དང་འཐབ་ཇུས་གལ་ཆེན་དང་། ལས་གཞི་གལ་ཆེན་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ནོར་སྲིད་མ་དངུལ་བཀོད་སྒྲིག་གི་ལས་ཆོད་དང་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས།

ཚོང་འགུགས་མ་འདྲེན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ། “ཕྱིར་སྐྱོད་པ་དང་ནང་འདྲེན”གཉིས་ལ་དུས་མཉམ་དུ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ། ཧྲན་ཏུང་དང་ཀྲུང་དབྱང་ཁེ་ལས་སོགས་དང་མཉམ་ལས་གཏིང་ཟབ་བྱས་ཏེ་ཚོང་འགུགས་རྣམ་གྲངས་གཙོ་བོ་མགོ་ཁྲིད་ཀྱིས་འགན་གཙང་ལེན་བྱེད་པ་དང་། ཆེད་བཙུགས་རྩ་འཛུགས་ཀྱིས་སྐུལ་འདེད། ཆེད་དོན་མི་སྣས་དོན་འཁྱོལ་བྱེད་པ་བཅས་ཀྱི་ལམ་སྲོལ་ལག་བསྟར་བྱས་ཏེ། ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། ནུས་རྒྱུ་གཙང་མ་དང་། གྲངས་འཛིན་དཔལ་འབྱོར། སྐྱེ་ཁམས་ཞིང་ཕྱུགས། རིག་གནས་གནས་སྐོར་མཉམ་འདྲེས་སོགས་ཁྱབ་ཁོངས་སུ་ཁྱད་ཆོས་མངོན་གསལ་དོད་པ་དང་། ལེགས་ཆ་མངོན་གསལ་དོད་པ། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་གཙོ་གནད་རྣམ་གྲངས་ཁག་གཅིག་ནང་འདྲེན་བྱེད་དགོས། “ཕྱི་དོན+”ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱི་ནང་ཉོ་འཚོང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལེགས་སུ་གཏོང་བ། རིམ་པ་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་གང་མགྱོགས་ངང་གསོ་སྐྱོང་བྱེད་དགོས།

ཚོང་གཉེར་ཁོར་ཡུག་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་རྒྱུ། རང་འགུལ་གྱིས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་སྐྱེད་སྲིང་དང་། སྲིད་ཚོང་གི་ལྷད་མེད་འབྲེལ་བའི་དྲང་ཕྱོགས་གསལ་ཐོ་དང་ལྡོག་ཕྱོགས་གསལ་ཐོ་ཁྱབ་བསྒྲགས་བྱས་ཏེ། ཁེ་ལས་ཀྱིས་སྲིད་གཞུང་གི་ཞབས་ཞུའི་སྤུས་ཚད་ལ་གདེང་འཇོག་བྱེད་དུ་འཇུག་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་འགུལ་ལ་སྐུལ་འདེད་བཏང་སྟེ། ཁེ་ལས་དང་འབྲེལ་བའི་གྲོན་བསྡུ་རྒྱུན་མཐུད་ཚད་ལྡན་དུ་གཏོང་བ་དང་། ལམ་ལུགས་རང་བཞིན་གྱི་ཉོ་འཚོང་མ་གནས་དམའ་རུ་གཏོང་བ། ཁེ་ལས་ཀྱི་ལས་གཉེར་ལག་ཁྱེར་བཟོ་བའི་དུས་ཚོད་ལས་ཀའི་ཉིན་གྲངས0.5ནང་ཚུན་དུ་འགྲུབ་པར་བྱེད་པ། ཚོང་རའི་བྱེད་པོ་དུད་ཚང1000ཡན་གསར་དུ་འཕར་བའི་བརྩོན་ལེན་བྱེད་དགོས། རྒྱུན་རྣམ་ཅན་གྱིས་ཁེ་ལས་ལ་རོགས་རམ་བྱས་ཏེ། དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་ཐབས་ཁག33དོན་འཁྱོལ་བྱས་ཏེ་ཁེ་ལས་ཆུང་འབྲིང་གི་རྩིས་ཁྲའི་དངུལ་འགྱངས་ཆད་སྔོན་འགོག་དང་གཙང་སེལ་བྱས་ཏེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་སྒྱུར་བཅོས་ཟབ་སྤེལ་དང་མཐོར་འདེགས་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ལ་དབང་བའི་མ་རྩས་སྣེ་ཁྲིད་དང་སྤྱི་ཚོགས་ཀྱིས་མ་རྩ་འཇོག་པར་སྐུལ་འདེད་གཏོང་བའི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་ལ་དབང་བའི་ཁེ་ལས63གྱི་རྒྱ་ཇེ་ཆེ་དང་སྟོབས་ཇེ་ཆེར་གཏོང་དགོས།

ལོ་གསར་པའི་ནང་ང་ཚོས་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་དམིགས་ཏེ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བར་དངོས་འཐབ་འབད་འཐབ་བྱ་རྒྱུ་ཡིན།

རྣམ་པ་གསར་པའི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ། “འཚམ་བཞིའི་མཁར་གྲོང”[43]གཏོད་རྒྱུར་དམིགས་ཏེ། “ལས་གྲྭ་ཆེན་པོ་རྣམ་གསུམ”[44]ལག་བསྟར་བྱེད་པ་དང་། རྒྱ་མདོ་གྲོང་རྡལ་གྱི་གྲོང་ཁུལ་རྙིང་པ་དང་ནུབ་མཚོ་གྲོང་རྡལ་གྱི་གཙོ་གནད་ས་ཁོངས་གཙོ་བྱས་པའི་གྲོང་ཁྱེར་ནང་གི་གྲོང་ཚོ་དང་། གཞིས་ཁུལ་རྙིང་པའི་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་པ་དང་། ས་ཁང་བདག་ཁོངས་བརྟན་པོའི་ངང་གསར་སྤེལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཆུ་འབུད་ཞོད་འགོག་གི་ནུས་པ་མཐོར་འདེགས། བཟོ་བཀོད་ཀྱི་ཕྱིའི་རྣམ་པ་སྒྱུར་བཀོད། ཟུར་གྲབས་ཆུའི་ཐོན་ཁུངས་སྲུང་སྐྱོབ་བཅས་ལ་དམ་འཛིན་བྱེད་དགོས། རྫོང་མཁར་གྱི་ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་གཏོང་བའི་ལས་གྲྭ་ལག་བསྟར་བྱས་ཏེ། ནུབ་མཚོ་གྲོང་རྡལ་དང་མཁར་གསུམ་གྲོང་རྡལ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ནུབ་མཚོ་གྲོང་རྡལ་གྱིས་གསར་བརྗེའི་གྲོང་རྡལ་ཆུང་ངུ་བསྐྲུན་པ་དང་། འཇུ་ལག་རྫོང་གིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ལྟེ་བའི་གཙོ་གནད་མཁར་གྲོང་གཏོད་རྒྱུ་དང་། མདོ་ལ་རྫོང་གིས་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་མཁར་གྲོང་གཏོད་རྒྱུ། རྐང་ཚ་རྫོང་གིས་སྤུས་ཚད་མཐོ་བའི་མཚོ་འགྲམ་གྱི་མཐོ་སྒང་བོད་མཁར་བསྐྲུན་རྒྱུ། མདའ་བཞི་རྫོང་གིས་ས་མཐོའི་རིག་གནས་གནས་སྐོར་ས་ཁུལ་གྲགས་ཅན་གཏོད་རྒྱུ་བཅས་ལ་རྒྱབ་སྐྱོར་བྱེད་དགོས།

གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། “མཛེས་པ་ལྔ་ལྡན་གྱི་གྲོང་གསེབ”[45]འཛུགས་སྐྲུན་བྱེད་པར་གཞི་ཚུགས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་“བྱ་འགུལ་ཆེན་པོ་བརྒྱད”[46]ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། དབུལ་ཐར་མིའི་ཡོང་འབབ་རྒྱུན་མཐུད་ངང་འཕར་བའི་ལོ་གསུམ་བྱ་འགུལ་ལ་སྐུལ་འདེད་གཏོང་བ་དང་། གནས་སྤོར་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ12ཀྱི་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི1.1ཡན་ལས་ཞུགས་གཞན་སྒྱུར་ཐུབ་པའི་འགན་ལེན་བྱེད་པ། དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་ཇེ་དམའ་རུ་མི་འགྲོ་བ་མ་ཟད3%འཕར་བར་བྱས་ཏེ། མི་མང་པོ་ཕྱིར་དབུལ་ཕོངས་སུ་མི་འགྲོ་བའི་མ་མཐའ་བརྟན་སྲུང་བྱེད་དགོས། “ལས་གྲྭ་ཁྲི་སྟོང”[47]གི་ཉམས་མྱོང་དཔྱད་གཞིར་བཟུང་ནས་གྲོང་ཚོའི “ཡོད་པ་རྣམ་བཅུའི”ལས་གྲྭ[48]གསར་སྤེལ་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་འབྲེལ་མཐུད་མ་དངུལ་གྱི65%ཡན་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྤྱད་དེ། “ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི”བྱ་འགུལ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི“གྲོང་ཚོ་སྟོབས་ལྡན་”གྱི་ལས་གྲྭར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ལས་དཔེ་སྟོན་གྲོང་ཚོ་ཁག་ཅིག་བསྐྲུན་དགོས། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་མཐོར་འདེགས་བྱ་འགུལ་ལག་བསྟར་བྱས་ཏེ། རོང་འབྲོག་པའི་དུད་ཚང3000ཡན་གྱི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། ཡུལ་སྲོལ་སྒྱུར་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོ་ཁག་གཅིག་གཏོད་དགོས།

གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། “མཉམ་འདྲེས་ཆེན་པོ་དྲུག”[49]གི་དམིགས་འབེན་གཏན་འཁེལ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཤང་དང་གྲོང་རྡལ་གྱི་རིམ་པ་དང་པོའི་འཆར་འགོད་པའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་རྒྱལ་ཁབ་མངའ་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་མཉམ་འགུལ་རང་བཞིན་སྔར་བས་ཆེ་བའི“རྫོང་རེར་ལས་རིགས་རེ་དང་། ཡུལ་ཚོ་རེར་ཁྱད་ཆོས་ལྡན་པ་རེ་ཡོད་པ། གྲོང་ཚོ་རེར་ཐོན་རྫས་རེ་ཡོད་པ”བཅས་གཏོད་དགོས། ནུབ་མཚོ་གྲོང་རྡལ་དང་རྫོང་བཞིའི་རྫོང་གྲོང་གི་རྒྱལ་ཁབ་ས་ཆ་སྔོ་འགྱུར་རྣམ་གྲངས་ཚད་གཞི་མཐོན་པོའི་སྒོ་ནས་ལག་བསྟར་བྱས་ཏེ། ཙོང་ཆུ་འདམ་རའི་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་། ཞིང་ཆེན་རིམ་པའི“ནགས་ཚལ་མཁར་གྲོང་”དང“ནགས་ཚལ་གྲོང་གསེབ”ཁག་གཅིག་ཧུར་ཐག་གིས་གཏོད་དགོས། ནུས་ཤུགས་ཡོད་རྒུས་ནུབ་མཚོ་ནས་རྐང་ཚ་བར་དང་། ཅ་ཏིན་ནས་ནུབ་མཚོ་བར་གྱི་མྱུར་བགྲོད་གཞུང་ལམ་ཕྱོགས་ཡོངས་ནས་བེད་སྤྱོད་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། སྟོང་སྐོར་ནས་ནུབ་མཚོ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། མདོ་ལའི་ཁུ་ཁུ་ལི་དང་མདའ་བཞིའི་དངུལ་རི་སོགས“གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཞི”འཛུགས་སྐྲུན་ཡག་པོ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་སྟབས་བདེ་ཡོང་ཚད་མཐོ་རུ་གཏོང་དགོས། དེང་རབས་ཀྱི་ཟོག་འགྲེམས་མ་ལག་འཐུས་ཚང་དུ་བཏང་སྟེ། གྲོང་ཚོའི་མྱུར་སྐྱེལ་ཞབས་ཞུའི་སྒྲིག་གཞིའི་ཁྱབ་ཚད་ཀྱིས80%ཟིན་པ་དང་། མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཞུས་རྒྱུན་སྡོད་མི་འབོར་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་དགོས།

ལོ་གསར་པའི་ནང་ང་ཚོས་དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུ་སེམས་ལ་བཅངས་ཏེ། སྤྱི་ཚོགས་བྱ་གཞག་དར་རྒྱས་ཡོང་བའི་ཐད་དངོས་འཐབ་འབད་འཐབ་བྱ་རྒྱུ་ཡིན།

ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། ལས་ཞུགས་རྒྱ་སྐྱེད་དང་། སྤྱིར་བཏང་གི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་བྱ་འགུལ་དང་། ན་གཞོན་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་བྱ་འགུལ་བཅས་བརྟན་པོའི་ངང་ལག་བསྟར་བྱེད་རྒྱུ་དང་། ཁུལ་རིམ་པའི་ལས་གཏོད་གསོ་སྐྱོང་རྟེན་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། འཇུ་ལག་རྫོང་གི་སྤྱི་ཡོངས་དངོས་སྦྱོང་རྟེན་གཞི་དང་རྐང་ཚ་རྫོང་གི་ལས་གཏོད་གསོ་སྐྱོང་རྟེན་གཞི་བཅས་ཡག་པོའི་ངང་འཛུགས་བསྐྲུན་བྱེད་པ་དང་། “12+N”ཡི་སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ[50]ཐེངས30ཡན་སྤེལ་ཏེ། ལས་རིགས་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་མི་ཐེངས4500ལ་འབུད་པ་བྱེད་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི1800གསར་དུ་ལས་ཞུགས་བྱེད་པ། ཞིང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་ཀྱི་མི་ཐེངས་ཁྲི4.5ལ་འབུད་པ་བཅས་བྱ་རྒྱུ། ངལ་རྩོལ་འགན་སྲུང་ལྟ་ཞིབ་དང་ངལ་རྩོལ་རྩོད་གཞི་འདུམ་གཅོད་བྱེད་པའི་ཤུགས་ཇེ་ཆེར་བཏང་སྟེ། ངལ་རྩོལ་མི་དོན་རྩོད་གཞི་ཐག་གཅོད་བྱེད་ཚད95%ཡན་ཟིན་རྒྱུ།

སློབ་གསོར་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ། སློབ་སྔོན་སློབ་གསོའི་ཀུན་ཕན་འགན་ལེན་དང་འོས་འགན་སློབ་གསོའི་སློབ་གྲྭ་སྟོབས་ཆེར་གཏོང་བ་དང་སྤུས་ཀ་ཇེ་ལེགས་སུ་གཏོང་བ། མཐོ་འབྲིང་དཀྱུས་མའི་ནང་གི་འཛུགས་སྐྲུན་དང་སློབ་གསོ་གྲངས་འཛིན་ཅན་དུ་འགྱུར་བའི་འཐབ་ཇུས་ཅན་གྱི་བྱ་འགུལ་བཅས་སྤེལ་ཏེ། མཐོ་འབྲིང་སློབ་གྲྭ་བཞིའི་སློབ་གཉེར་སྤུས་ཚད་མཐོ་རུ་གཏོང་བ་དང་། འོས་འགན་སློབ་གསོའི་སློབ་མཚམས་མི་ཆད་པའི་ལས་དོན་དམ་པོར་འཛིན་དགོས།  མཐོ་རྒྱུགས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་བཅས་ཀྱི་སློབ་ཁྲིད་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་དང་སློབ་ཁྲིད་ལ་ལྟ་ཞིབ་མཛུབ་སྟོན་གཏིང་ཟབ་བྱས་ཏེ། སློབ་སྔོན་སློབ་གསོའི་ཆ་སྙོམས་སློབ་ཞུགས་ཚད་དང་།  འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད། མཐོ་འབྲིང་དུས་མཚམས་ཀྱི་ཆ་སྙོམས་སློབ་ཞུགས་ཚད། མཐོ་རིམ་སློབ་གྲྭའི་སློབ་མ་བསྡུ་ཚད་བཅས་བརྟན་པོའི་ངང་མཐོ་རུ་གཏོང་དགོས། སློབ་སྔོན་སློབ་མའི་སྤྱི་སྐད་ཁྱབ་གདལ་གཏོང་བའི་ལོ་གསུམ་བྱ་འགུལ་སྤེལ་རྒྱུ། ལག་རྩལ་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་གྱི་ཚད་ལོན་ལས་གྲྭ་ལག་བསྟར་བྱས་ཏེ། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ནས། ལག་རྩལ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ཚད95%ཡན་ཟིན་པ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས། “དུས་རབས་ཀྱི་མི་གསར་པའི་བསམ་བློ་བསྒྱུར་བའི”ལས་གྲྭ་ལ་སྐུལ་འདེད་བཏང་སྟེ། “བསམ་བློ་ཆབ་སྲིད་སློབ་ཚན”གྱི་ལག་ལེན་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། སློབ་གྲྭ་ཆུང་འབྲིང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་སློབ་ཚན་གསར་སྤེལ་བྱེད་རྒྱུ།     སློབ་གྲྭའི་རིག་གནས་སྒྱུ་རྩལ་དུས་ཆེན་གཉེར་ཏེ། “ལྔ་སྐྱོང་མཉམ་སྤེལ”[51]ཐུབ་པ་བྱེད་དགོས།

བདེ་ཐང་གི་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། ཧྲན་ཏུང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དང་། མཚོ་སྐོར་ཡན་ལག་སྨན་ཁང་སོགས་ཁ་གཏད་རོགས་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་སྲ་བརྟན་དུ་བཏང་སྟེ། ཁུལ་མི་དམངས་སྨན་ཁང་གཉིས་པ་དང་འཇུ་ལག་རྫོང་ཀྲུང་ལུགས་སྨན་ཁང་གཉིས་རིམ་པ་གསུམ་པའི་སྨན་ཁང་དུ་འགྱུར་ཐུབ་པའི་བརྩོན་ལེན་བྱེད་དགོས། རྫོང་དང་ཡུལ་ཚོ། གྲོང་ཚོ་བཅས་ཀྱི་རིམ་གསུམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། “ལྟེ་གནས་ཆེན་པོ་ལྔ”[52]ཡི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་ས་ཁོངས་དོ་མཉམ་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་སྐུལ་འདེད་ཆེད་དོན་བྱེད་སྒོ་ལག་བསྟར་བྱས་ཏེ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་ལ་འཚམ་པའི་ལག་རྩལ་བེད་སྤྱོད། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ལྡན་དྲག་སྐྱེད་ཞབས་ཞུ་ཁྱབ་གདལ་གཏོང་རྒྱུ་དང་། རྐང་ཚ་རྫོང་གིས་རྒྱལ་ཡོངས་ཀྱི་གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་གི་དཔེ་སྟོན་རྫོང་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། ནད་རིགས་སྔོན་འགོག་ཚོད་འཛིན་བྱེད་ནུས་མཐོར་འདེགས་གཏོང་བའི་ལོ་གསུམ་བྱ་འགུལ་ལག་བསྟར་བྱ་རྒྱུ། སྤྱི་པའི་འཕྲོད་བསྟེན་གྱི་མཐུན་སྦྱོར་ལམ་སྲོལ་དང་། རིམས་ནད་ལྟ་ཞིབ་ཚད་ལེན། འཕྲལ་བསྟུན་དང་ལེན་བཅས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཟབ་སྤེལ་བྱེད་དགོས།  “སྨན་གསུམ”[53]མཉམ་འགུལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་དང་བདེ་ཐང་མཚོ་བྱང་འཛུགས་སྐྲུན་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་ཆེ་རུ་གཏོང་དགོས།

སྤྱི་ཚོགས་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ། རྒན་གསོ་ཞབས་ཞུའི་ནུས་པ་མཐོར་འདེགས་གྱི་བྱ་འགུལ་སྤེལ་ཏེ། རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱིས་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་གྱི་སྐུལ་ལྕག་སྲིད་ཇུས་དོན་འཁྱོལ་ཡོང་བར་བརྩོན་ལེན་བྱེད་པ་དང་། སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་དང་མཁར་གྲོང་ས་ཁོངས་ཀྱི་རྒན་གསོ་ཞབས་ཞུའི་ལྟེ་གནས་ཀྱི་ཁྱབ་ཚད་མཐོ་རུ་བཏང་སྟེ། རྒན་པའི་བདེ་ཐང་ཞབས་ཞུ་དང་། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ། ཟ་མའི་ཞབས་ཞུ་བཅས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་དགོས་པ་དང་། ཆ་རྐྱེན་འཛོམས་པའི་སྡེ་ཁུལ་དང་གྲོང་ཚོའི“བདེ་སྐྱིད་ཟ་ཁང”ས་ཁོངས་ཡོངས་སུ་ཁྱབ་ཐུབ་པར་བྱེད་དགོས། ཀུན་ཕན་བཅོལ་སྐྱོང་ཞབས་ཞུའི་ཆེད་དོན་བྱ་འགུལ་ལག་བསྟར་བྱས་ཏེ། བཅོལ་སྐྱོང་ཞབས་ཞུ་འཛུགས་སྐྲུན་གྱི་དོ་དམ་ཚད་ལྡན་དུ་གཏོང་བ་དང་། “བྱིས་པའི་ཁྱིམ་ཚང”50འཛུགས་སྐྲུན་བྱེད་དགོས། གསར་དར་ལས་རིགས་ཀྱི་སྤྱི་ཚོགས་འགན་བཅོལ་མ་ལག་འཐུས་ཚང་དུ་གཏོང་བ་དང་མྱུར་སྐྱེལ་པ་དང་། ཟ་མ་སྐྱེལ་མཁན། དྲ་མངགས་ཁ་ལོ་བ་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། དབང་པོ་སྐྱོན་ཅན་གྱི་ཐོབ་ཐང་ངོས་འཛིན་བྱེད་པར་“ཞིང་ཆེན་ལས་བརྒལ་ནས་སྒྲུབ་པ་”དང་“དྲ་ཐོག་ནས་སྒྲུབ་པ་”སྐུལ་འདེད་གཏོང་དགོས། རིམ་པ་དང་རིགས་དབྱེ་ནས་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་བཏང་སྟེ། “འགན་ལེན་བྱེད་དགོས་པའི་རིགས་འགན་ལེན་དང་རོགས་སྐྱོབ་དགོས་རིགས་ལ་རོགས་སྐྱོབ་བྱེད་དགོས།

བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་རྒྱུ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། “རིག་ལྡན་རླུང་འཕྲིན་བརྙན་འཕྲིན”དང་“རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ”སོགས་ཀྱི་རིག་གནས་དམངས་ཕན་ལས་གྲྭ་ལག་བསྟར་བྱེད་དགོས། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་རྩལ་བརྩམས་ཆོས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་རྒྱུར་ཤུགས་སྣོན་བྱས་ཏེ། མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་དང་། 《སྐབས་དེར། གསེར་དངུལ་མེ་ཏོག་རྣམ་པར་བཞད》དང《གསེར་དངུལ་ཐང་》སོགས་ཀྱི་འཁྲབ་ཚན་དུས་ཐོག་ཏུ་ས་གནས་གཞན་དུ་འཁྲབ་སྟོན་བྱེད་པར་བསྐྱོད་དགོས། རྟེན་གཞིའི་གནས་རྙིང་གི་བཟོ་གྲྭའི་ཁུལ་18གསོན་ཤུགས་ལྡན་པའི་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མཁའ་དམག་སྲུང་སྐྱོང་དཔུང་སྡེའི་དྲན་གསོ་ཁང་སོགས་རྣམ་གྲངས་ལག་བསྟར་བྱ་རྒྱུར་བརྩོན་ལེན་བྱེད་དགོས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཏོན་ནས་ལོ25འཁོར་བའི་བྱེད་སྒོ་རབ་དང་རིམ་པ་འཆར་འགོད་བྱེད་དགོས། མི་རིགས་ལུས་རྩལ་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། “རྫོང་རེར་འགྲན་བསྡུར་རེ་དང་ཟོང་རྟགས་རེ”ཡོད་པར་བྱེད་དགོས་ལ། མཚོ་སྔོན་པོའི་རྟ་རྒྱུག་བརྗེ་རེས་འགྲན་སྡུར་དང་། དགུན་དུས་ཀྱི་ནགས་ཚལ་རྐང་བགྲོད་བྱ་འགུལ། མེ་ལྷ་གངས་དཀར་གྱི་གངས་ཤུད་དང་རི་འཛེག་འགྲན་བསྡུར་སོགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ལྕགས་རྟ་ཞོན་པ་དང་། དར་ཐོག་ལུས་རྩལ། རྟ་རྩལ་སོགས་ཁྱད་ལྡན་འགྲན་བསྡུར་བྱེད་སྒོ་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། སྡེ་ཁུལ་གྱི་སྐར་མ15ཡི་ལམ་བར་གྱི་ལུས་སྦྱོང་ཁུལ་བསྐྲུན་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས། མདོ་ལ་རྫོང་མགྱོགས་མྱུར་ངང་རྒྱལ་ཁབ་རིམ་པའི་དཔལ་ཡོན་གྲོང་ཁྱེར་དུ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས།

ལོ་གསར་པའི་ནང་ང་ཚོས་བདེ་འཇགས་ཀྱི་མ་མཐའ་བརྟན་པོར་སྲུང་སྟེ། སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཐད་དངོས་འཐབ་འབད་འཐབ་བྱ་རྒྱུ་ཡིན།

ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་བྱ་གཞག་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབ་པར་དམིགས་ནས། མི་རིགས་ཁག་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་མཚོ་སྔོན་གྱི་བྱ་འགུལ་བཅུ་དང་མཚོ་བྱང་གི་བྱེད་ཐབས་བཅོ་བརྒྱད[54]དོན་འཁྱོལ་བྱས་ཏེ། “སེ་འབྲུའི་ཁྱིམ་གཞི”ཁག་ཅིག་སླར་ཡང་གཏོད་པ། ནུབ་མཚོ་ཅུན་དང་ཡུང་ཨན། མཁར་དམར་སོགས་གནའ་བོའི་རྗེས་ཤུལ133བེད་སྤྱོད་ཡག་པོ་དང་། ཁུལ་ཡོངས་ཀྱི་རྟེན་མཛོད་ཁང་སྐོར་ཞིག་བསྐྲུན་ཏེ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་པ། གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་རྣམ་གྲངས་ལག་བསྟར་ཡག་པོ་བྱས་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་དང་སྲོལ་རྒྱུན་གྱི་གྲོང་ཚོ་སྐོར་ཞིག་བསྐྲུན་པ། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པར་ཤུགས་སྣོན་པ།

སྤྱི་ཚོགས་དོ་དམ་ཞབས་ཞུའི་གསར་གཏོད་ལ་ཤུགས་སྣོན་རྒྱུ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”འཕེལ་རྒྱས་གཏོང་བ་དང་། “པདྨ་རྫོང་གི་ཉམས་མྱོང”དང“འདུམ་གཅོད་བྱེད་ཐབས་ཆུང་གྲས་དྲུག”ཁྱབ་གདལ་བེད་སྤྱོད་དང་། འཕྲིན་བཅར་ལས་དོན་གྱི་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ། འགལ་བ་དང་རྩོད་གཞི་སེལ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།  སྤྱི་ཚོགས་བཅོས་སྐྱོང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲིམས་ལྟར་མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་དུས་ལྟར་ཐག་གཅོད་བྱེད་པ། “བརྒྱད་ལྔའི”ཁྲིམས་ཁྱབ་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། “གཅིག་ཅན་བཅུ”ལ་དམིགས་ནས་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། “གནམ་དྲའི་ལས་གཞི”དང་“དྭངས་གསལ་ལས་གཞི།” “སྤྱན་གསལ་ལས་གཞི”བཅས་ཀྱི་མཉམ་འདྲེས་འཛུགས་སྐྲུན་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་སྤེལ་བ། “གློག་འཕྲིན་མགོ་སྐོར”དང“རྐུས་འཕྲོག་བསླུ་གསུམ”དང་།  “འཆལ་རྒྱན་དུག་གསུམ”སོགས་ཀྱི་ཁྲིམས་འགལ་ཉེས་གསེག་ལ་རྡུང་རྡེག་ནན་མོ་བཏང་སྟེ། “ཐོན་རྫས་གསུམ་དང་དམིགས་བསལ་སྒྲིག་ཆས་གཅིག”གི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་མུ་མཐུད་དུ་ཤུགས་སྣོན་པ།

འཕྲལ་བསྟུན་དོ་དམ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་བཅོས་སྒྲིག་བྱེད་པའི་ལོ་གསུམ་གྱི་འགག་སྒྲོལ་བྱ་འགུལ་སྤེལ་བ་དང་། “གསལ་ཐོ་རྣམ་པའི”ལས་སྒྲུབ་བྱེད་ཐབས་བེད་སྤྱོད་ཡག་པོ་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི“5351”[55]གི་ཞིབ་ཕྲའི་བྱེད་ཐབས་དོན་འཁྱོལ་བྱེད་པ། མ་དངུལ་སྒོར་དུང་ཕྱུར1.5ཡི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་འགོག་བཅོས་མ་ལག་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས9དོན་འཁྱོལ་ཡོང་བར་བརྩོན་ལེན་བྱེད་པ། འཕྲལ་མར་དང་ལེན་བྱེད་ཐུབ་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མེ་ཟོན་བདེ་འཇགས་དང་ཞོད་འགོག་ཐན་འགོག ཡོམ་འགོག་གནོད་སེལ། འགྲིམ་འགྲུལ་བདེ་འཇགས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་ཀྱི་ཕྱོགས་བསྡུས་བཀོད་འདོམས་ཀྱི་བཀོད་གཏོང་ལ་ཤུགས་སྣོན་བྱས་ཏེ། ཁུལ་དང་རྫོང་། ཡུལ་ཚོ་བཅས་ཀྱི་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་ཀྱི་བརྙན་ལམ་བཀོད་གཏོང་གི་རིམ་པ་གསུམ་པོའི་སྦྲེལ་མཐུད་མངོན་འགྱུར་བྱེད་པ།

ལོ་གསར་པའི་ནང་ང་ཚོས་རང་སྐྱོང་ཁུལ་གྱི་ལོ་ངོ70རིང་གི་འཕེལ་རྒྱས་ཁྲོད་བླངས་པའི་ཉམས་མྱོང་དེ་བེད་སྤྱོད་གང་ལེགས་བྱས་ནས། ཕྱོགས་སོ་སོའི་སྟོབས་ཤུགས་མཐུན་སྒྲིལ་དང་བརྩོན་ལེན་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན། གོང་རིམ་ལ་སྔར་བས་འབྲེལ་མཐུད་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། དེ་མིན་འབྲེལ་ཡོད་པུ་ཨུ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་མིན་འབྲེལ་ཡོད་ཐིང་དང་ཅུ་བཅས་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་དང་མཉམ་འབྲེལ་གྱི་ལམ་སྲོལ་ཡག་པོ་བཙུགས་ནས་བེད་སྤྱོད་ལེགས་པོ་བྱེད་པ། རོགས་སྒྲིག་མཉམ་ལས་སྔར་བས་གཏིང་ཟབ་གཏོང་བ། ཧྲན་ཏུང་ཞིང་ཆེན་དང་དེའི་གྲོང་ཁྱེར་བཞི་དང་། ནོར་སྲིད་པུ་དང་དེ་མིན་ཀྲུང་དབྱང་ཁེ་ལས་བཞིའི་ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་དམ་ཟབ་བྱས་ཏེ། རོགས་སྒྲིག་མཉམ་ལས་དང་ཚོགས་སྒྲིག་རོགས་སྐྱོར། འཚམས་འདྲི་སྤེལ་རེས་བཅས་ཟབ་ཏུ་སྤེལ་ནས། སྤུན་ཟླའི་གྲོང་ཁྱེར་དང་ཁུལ། ལྗོངས་ཞིང་ལྔ་ཡི་གྲོང་ཁྱེར་དང་རང་སྐྱོང་ཁུལ་བཅུ་དང་། འབྲོང་ཡུལ། མཁར་ཙན། ཅིན་ཁྲང་སོགས་མཛའ་མཐུན་ས་ཁུལ་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ། ནང་ཁུལ་གྱི་གཅིག་གྱུར་འཆར་འགོད་སྔར་བས་གཏིང་ཟབ་གཏོང་བ། བཅའ་སྡོད་དམག་དཔུང་གི་ལས་ཁུངས་ལ་མཉམ་སྡེབ་དང་རྒྱབ་སྐྱོར་བྱས་ནས། རྒྱལ་སྲུང་སྐུལ་སློང་དང་མི་དམངས་མཁའ་ཟོན། དམག་དམངས་མཉམ་འདྲེས། རུ་འཁྱུར་དམག་མིའི་ཞབས་ཞུ། གཉིས་བཀུར་དཔེ་སྟོན་རྫོང་གསར་འཛུགས་བྱེད་པ་བཅས་སྔར་བས་གཏིང་ཟབ་གཏོང་བ། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་དང་བྱིས་པ། རྒྱ་གྲམ་དམར་པོ། ཕྱི་དོན། ཡིག་ཚགས། ས་གནས་ལོ་རྒྱུས། སྤྱི་གསོག་མ་དངུལ་སོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ།

ལོ་གསར་པའི་ནང་ང་ཚོས་རང་ངོས་འཛུགས་སྐྱོང་བྱ་རྒྱུ་དེ་སྲོག་རྩ་ལྟ་བུར་བརྩིས་ནས། “ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ”བཅས་ལ་བསྟུན་ཞིང་། རང་དཔེ་གཞན་སྟོན་དང་གོང་ནས་འོག་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིམ་པ་ཁག་གི་ལས་བྱེད་པར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མཚོ་བྱང་ལ་རྒྱུས་ལོན་དང་མཚོ་བྱང་ལ་དགའ་ཞེན། མཚོ་བྱང་དར་སྤེལ་གཏོང་བ་བཅས་བྱ་རྒྱུ་ཡིན། བརྗོད་དོན་སློབ་གསོས་སྣེ་ཁྲིད་དེ། བློ་དཀར་རྣམ་དག་གིས་ཆབ་སྲིད་སྐྱོང་བའི་ལས་འགན་ལག་བསྟར་བྱེད་རྒྱུ། “གྲོས་གཞི་དང་པོའི”ལམ་ལུགས[56]རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་དང་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ། “འདུ་ཤེས་བཞི”གཏིང་ཟབ་དང་། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ནས། བརྗོད་དོན་སློབ་གསོ་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ལག་བསྟར་མཁན་དང་འགུལ་སྐྱོད་མཁན། ལག་ལེན་མཁན་བཅས་བྱེད་པ། མང་ཚོགས་ཀྱི་ལམ་ཕྱོགས་ཀྱིས་སྣེ་ཁྲིད་དེ། དམངས་ཀྱི་ཆེད་དུ་ཆབ་སྲིད་སྐྱོང་བའི་འགན་འཁྲི་ལག་བསྟར་བྱེད་པ། གྲོན་ཆུང་བྱས་ནས་དམངས་ལ་སྤྱོད་པ་དང་། གྲོན་སྲིའི་འཚོ་བ་རོལ་བར་གོམས་པ། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོར་ཚོད་འཛིན་ནན་མོ་བྱེད་པ། “གཞུང་གསུམ”འགྲོ་གྲོན་ཉུང་འཕྲི་ལས་མང་དུ་མི་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ནོར་སྲིད་ཀྱིས་དམངས་འཚོར་སྤྱོད་པའི་གཏོང་སྒོའི་སྡུར་ཚད80%ལས་མི་དམའ་བར་ཁག་ཐེག་དང་། རིགས་བཅུ་གཅིག་གི་དམངས་འཚོའི་དོན་དངོས45ཡག་པོར་བསྒྲུབ་པ། གློག་རྡུལ་འཛིན་དཔང་དྲ་ཐོག་ནས་སྒྲུབ་པ་དང་སྲིད་དོན་དོན་ཚན“སྒོ་ཁ་ནས་སྒྲུབ་རྒྱུ”འཚོལ་ཞིབ་ཁྱབ་སྤེལ་དང་། “དོན་དག་གཅིག་ཐེངས་གཅིག་ནང་སྒྲུབ་པར”སྐུལ་འདེད་བཏང་སྟེ། གཞི་གྲངས་བརྒྱུད་སྤྲོད་མང་ཙམ་དང་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་དུ་གཏོང་བ། ཁྲིམས་སྐྱོང་ལག་ལེན་གྱིས་སྣེ་ཁྲིད་དེ། ཁྲིམས་ལྟར་སྲིད་འཛིན་བྱེད་པའི་ལས་འགན་ལག་བསྟར་བྱེད་པ། སྒྲིག་གཞིའི་སྒྱུར་བཅོས་ལ་སྐུལ་འདེད་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་སྲིད་གཞུང་གི་འགན་ནུས་ལེགས་སྒྱུར་ཟབ་སྤེལ། སྲིད་འཛིན་ཁྲིམས་བསྟར་གྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་འགུལ་ལག་བསྟར་བྱས་ནས། དབང་ཆ “ཇེ་ཆུང”དང་འགན་འཁྲི “ཇེ་ལྕིར”་གཏོང་བར་སྐུལ་འདེད་བྱེད་པ། ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་བཅའ་ཁྲིམས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ། ཁུལ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་རང་འགུལ་ངང་དང་ལེན་དང་། སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མང་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ངང་དང་ལེན་བྱས་ཏེ། སྲིད་དོན་ཡོངས་བསྒྲགས་བྱེད་རྒྱུ་མུ་མཐུད་དུ་གཏིང་ཟབ་དང་། དབང་ཆ་མིག་འོག་ནས་སྤྱོད་པ། སྤྱོད་ཚུལ་འཛུགས་སྐྱོང་གིས་སྣེ་ཁྲིད་དེ། སྲིད་དོན་གཙང་སྐྱོང་གི་ལས་འགན་ལག་བསྟར་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ཇི་མ་ཇི་བཞིན་དུ་དོན་འཁྱོལ་དང་། གྱོད་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་དང་སྤྱོད་ཚུལ་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་གི་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། “སྤྱོད་ཚུལ་བཞི”དང་དེའི་རིགས་འགྱུར་གསར་པ་མཐའ་གཅིག་ཏུ་ཡོ་བསྲང་དང་བཅོས་སྐྱོང་བྱེད་པ། མགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་ལས་གཞིའི་རྣམ་གྲངས་འཛུགས་སྐྲུན་གྱི་དམིགས་འགུག་དམིགས་འཇུག་ལ་ཐེ་གཏོགས་བྱེད་པར་དོགས་ཟོན་བྱེད་པའི་“བཀག་རྒྱ་དོན་ཚན་དགུ”དོན་འཁྱོལ་བྱས་ཏེ། རྩིས་བཤེར་དང་སྡོམ་རྩིས། ནོར་དོན་རྩིས་གཉེར་གྱི་ལྟ་རྟོག་དང་ལས་གཞིའི་འཛུགས་སྐྲུན། སྲིད་གཞུང་གི་ཉོ་སྒྲུབ། དམིགས་འགུག་དམིགས་འཇུག་སོགས་ཀྱི་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་ཟབ་སྤེལ་བྱེད་པ། “གཞི་རིམ་དུ་སྐྱོད་པ་བཞི”ཡི་ལམ་ལུགས[57]དང“1+10”ཡི་གཞི་རིམ་ལ་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་དོན་འཁྱོལ་དང་། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་སྐུལ་ལྕག་གི་བྱེད་ཐབས་ཡག་པོ་སྤྱད་དེ། “ཕྲག་ལ་བབས་པའི་ལས་འགན་ཅིས་ཀྱང་ཡོངས་འགྲུབ་བྱེད་པའི”སེམས་ཤུགས་ལ་བརྟེན་ནས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ། ལས་དོན་དངོས་སྒྲུབ་སྟེ། ལས་བརྩོན་གསར་གཏོད་དང་དངོས་སྒྲུབ་སྔོན་བརྩོན་བྱེད་པ་དེ་ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་གྱི་སྲོལ་ཞིག་ཏུ་གྱུར་དུ་འཇུག་དགོས།

འཐུས་མི་རྣམ་པ། མཚོ་བྱང་གི་རི་ཀླུང་མཛེས་ཤིང་ལྟ་ན་སྡུག རང་བྱུང་སྐྱེ་ཁམས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས། གསར་བརྗེའི་ལོ་རྒྱུས་ཤིན་ཏུ་རིང་ལ་མི་དམངས་ལས་ལ་བརྩོན་ཞིང་དཔའ་ངར་ཆེ། འཕེལ་རྒྱས་ཀྱི་མདུན་ལམ་ཤིན་ཏུ་ཡངས་བས། ལོ་གསར་པའི་ནང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བློ་སེམས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་གྱིས་ “243”གྱི་འཕེལ་རྒྱས་ཀྱི་བཀོད་པ་མགྱོགས་མྱུར་ངང་འཛུགས་སྐྱོང་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་མཚོ་བྱང་གི་ལེའུ་རྩོམ་པར་འབད་བརྩོན་བྱེད་དགོས།