དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

2024-01-25 11:41:04   |   2303

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


640.jpg

ཟླ1པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་འཚོགས། གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི390ཡོད་པ་དང་འཐུས་མི368ཚོགས་འདུར་འབྱོར་བས་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་བ་རེད།

640 (1).jpg

སྙན་ཞུ་ལས་བསྟན་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་ཚུགས་པའི་ལོ་ཞིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད། འགན་འཁྲི་འཁུར་ཕོད་པ་དང་དོན་འཁྱོལ་ལ་དམ་འཛིན། དཔལ་འབྱོར་འཕེལ་རྒྱས་དང་མདུན་སྐྱོད་ཀྱིས་ལོ་ཧྲིལ་པོའི་དཔལ་འབྱོར་འཁོར་སྐྱོད་ཐད་སྔུན་མཐོ་ཞིང་བར་དུ་འཕེལ་བ། མཐའ་མ་བརྟན་པོ་ཡིན་པའི་རྣམ་པ་མངོན་ཏེ་སྤྱིའི་འཕར་ཚད་ཇེ་ལེགས་སུ་ཕྱིན་ཡོད། དམིགས་འབེན་ལས་འགན་གཙོ་བོ་བདེ་ལེགས་ངང་ལེགས་འགྲུབ་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང5.3%འཕར་ཞིང་། སྡོད་དམངས་ཡོངས་ཀྱི་ཆ་སྙོམས་ཡོང་འབབ5.9%ཡིས་འཕར་ཡོད། མཁར་གྲོང་གི་ལས་ཤོར་ཚད5.5%དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང0.5%ཡིས་འཕར་ཡོད། སྤུས་ལེགས་འཕེལ་རྒྱས་བརྟན་བརླིང་གིས་སྐུལ་འདེད་བྱས་ཏེ། འཕེལ་རྒྱས་ཀྱི་བརྟན་བརླིང་རང་བཞིན་དང་མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་ལ་སྔར་ལས་ཤུགས་བསྣན་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་པ་རེད།

640 (2).jpg

སྙན་ཞུ་ལས་བསྟན་དོན། 2024ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར5%ཡས་མས་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི6ཡན་ལ་འཕར་རྒྱུ། རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་གྱི་ལས་ཞུགས་པ་ཁྲི106ཡན་ཟིན་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཚད5.5%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་གྱི་འཕར་ཚད་དང་འདྲ་མཚུངས་ཡོང་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང3%ཡས་མས་འཕར་རྒྱུ། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི107གྱི་ཡན་རྒྱུན་འཁྱོངས་བྱ་རྒྱུ། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཞིང་ཆེན་བརྒལ་བའི་ཆུའི་སྤུས་ཚད་དེIIརིགས་དང་དེ་ཡན་རྒྱུན་འཁྱོངས་ཐུབ་པ་དང་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96%ཡན་ཟིན་རྒྱུ། ནུས་ཁུངས་ཟད་གྲོན་གྱི་ཚད་དེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་དུས་ཡུན་ནང་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དམིགས་འབེན་གཅིག་གྱུར་གྱིས་ལེགས་འགྲུབ་བྱས་ཏེ། གཙོ་བོ་སྦགས་བཙོག་དངོས་པོ་གཙང་སེལ་གྱི་བསྡོམས་འབོར་དེ་རྒྱལ་ཁབ་ཀྱིས་གཤམ་སྤྲོད་བྱས་པའི་དམིགས་ཚད་ལྟར་ལེགས་འགྲུབ་བྱ་རྒྱུ་དེ་ཡིན་ནོ། 

640 (3).jpg

640 (4).jpg

640 (5).jpg