དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-24 07:38:30   |   304

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ1ཚེས17ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་ཁེན་ནི་ཡའི་ཕྱི་སྦྱོང་སློབ་མ(肯尼亚留学生)དང་སློབ་གྲོགས་ཀྱི་འཐུས་མིར་འཕྲིན་ལན་བཏང་། ཁོང་ཚོར་ཀྲུང་ཁེན་དང་ཀྲུང་ཧྥེའི་མཛའ་གྲོགས་བྱ་གཞག་ལ་མུ་མཐུད་དུ་ནུས་ཤུགས་འདོན་དགོས་པའི་ལྕག་གནང་བ་རེད།

  • བཟོ་ལས་དང་ཆ་འཕྲིན་ཅན་པུས་སྒྲིག་འཛུགས་རྩོམ་སྒྲིག་བྱས་པའི《བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ཆེན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་སློབ་སྦྱོང་ཀློག་དེབ》ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

1.jpg

  • 2023ལོར། རང་རྒྱལ་གྱི་འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར13908.2ཟིན་པ་དང་། བསྟུད་མར་ལོ་དགུ་ལ་རྒྱ་མ་དུང་ཕྱུར་ཁྲི1.3ཡན་བརྟན་པོ་བྱུང་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས23ཉིན《ཀྲུང་གོའི་འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་བཅའ་ཁྲིམས་ལམ་ལུགས་མ་ལག་དང་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་པ་རེད།

  • ཚེས23ཉིན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི3000འཕྲལ་མར་བཏང་ནས་ཤིན་ཅང་གིས་ས་ཡོམ་གྱི་གནོད་འཚེ་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཏེ། འཕྲལ་སྡོམ་ཉེན་སེལ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་ལ་སྤྱི་འདོམས་ངང་སྤྱོད་རྒྱུ་རེད།

  • ཚེས23ཉིན་གྱི་ཆུ་ཚོད2དང་སྐར་མ9སྟེང་། ཤིན་ཅང་ཨ་ཁེ་སུའུ་ས་ཁུལ་ཝུའུ་ཧྲི་རྫོང(阿克苏地区乌什县)དུ་ས་ཡོམ་རིམ་པ7.1བྱུང་པ་རེད། ཉིན་དེའི་ཆུ་ཚོད20བར། ས་ཡོམ་གྱིས་མི3རྐྱེན་ལམ་དུ་ཤོར་བ་དང་མི5ལ་རྨས་སྐྱོན་ཕོག་པ་དང་མི12426གནས་སྤོ་བཀོད་སྒྲིག་བྱས་ཡོད།

  • ཚེས23ཉིན་གྱི་ཆུ་ཚོད17དང་སྐར་མ40བར། ཡུན་ནན་ཀྲེན་ཞུང(云南镇雄)གི་རི་ཉིལ་བའི་གནོད་འཚེ་ལས་མི31རྐྱེན་ལམ་དུ་ཤོར་ཡོད་པ་རེད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོར། རང་རྒྱལ་གྱིས་རྒྱལ་ཁབ་ས་ཆ་མུའུ་དུང་ཕྱུར1སྔོ་འགྱུར་བྱ་རྒྱུ་ཡིན་པ་རེད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་འགག་སྒོའི་ཁྲལ་འབབ་མཛོད་འཇུག་བྱེད་ཚད་སྒོར་དུང་ཕྱུར་ཁྲི2.21ཟིན་པ་དང་། དཔྱ་ཁྲལ་སྒོར་དུང་ཕྱུར2962.8ཉུང་དུ་བཏང་ཡོད།

2.jpg

  • ཚེས23ཉིན། ཀྲང་ཀྲི་ཀྲེན་ཚན་སྡེབ་ཨོ་དྲའི(澳网)སྐྱེས་པའི་རྩེ་གྲ་བཞིའི་གྲས་སུ་ཚུད་ཡོད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན་རིང་། ཀུའེ་ཀྲོའུ་དང་། ཧུའུ་ནན། ཅང་ཤིས། ཀྲེ་ཅང་སོགས་ས་ཁུལ་ཁག་གཅིག་གི་དྲོད་ཚད་དམའ་ཤོས་སམ་ཡང་ན་ཆ་སྙོམས་དྲོད་ཚད་ལོ་རྒྱུས་ཀྱི་དུས་མཚུངས་ལས7℃ཡན་དམའ་རྒྱུ་རེད། 

  • ཞིང་ལས་དང་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་ལས་མིའི་ལས་ཞུགས་ཀྱི་སྤྱིའི་གཞི་ཁྱོན་མི་ཁྲི3396.9ཟིན་ཡོད།

  • དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སྡོམ་རྩིས་བྱས་པར་གཞིགས་ན། 2021ལོ་ནས་བཟུང་དངུལ་ཁང་སྒྲིག་གཞིས་དབུལ་སྒྲོལ་ས་ཁུལ་ལ་རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་ཁྲི19.7བཏང་བ་དང་། དངུལ་བུན་ལྷག་གྲངས་ལོ་རེར་ཆ་སྙོམས་ཀྱིས14.4%འཕར་ཡོད།

  • 2023ལོའི་ལོ་མཇུག་བར། རང་རྒྱལ་གྱི་སྐུད་ཡོད་བརྙན་འཕྲིན་དངIPTVསྒོ་ཕྱེ་བརྡ་ཁྱབ(开机广告)ཕྱོགས་ཡོངས་ནས་མེད་པ་བཟོས་པ་དང་། སྒོ་ཕྱེ་དུས་ཡུན་རིང་ཤོས་ནི་བཅོས་སྒྲིག་མ་བྱས་གོང་གི་སྐར་ཆ118ནས་སྐར་ཆ35ལས་མི་བརྒལ་བར་ཉུང་དུ་ཕྱིན་ཡོད་པ་རེད།

3.jpg

  • རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། འོད་རིམ་མཐོ་བའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་སྲུང་སྐར་སྤྱོད་མགོ་ཚུགས་ཡོད།

  • བཟོ་འཕྲིན་པུསAPPདངSDKརིགས31གིས་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཡོད་པ་བརྡ་ཁྱབ་བཏང་། དེ་དག་ཤན་ཡུས(闲鱼)དང་ཀའོ་ཏེའི(高德)ས་བཀྲ་སོགས་དང་འབྲེལ་བ་ཡོད་པ་རེད།

  • ཚེས21ཉིན། བྲོས་བྱོལ་ཉེས་ཅན་དང་རྒྱལ་མཚམས་སྒྲོལ་བའི་རྒྱན་འཛུགས་གྱོད་གཞིའི་ཉེས་ཅན་གཏེ་པོ་ཝང་ཆེ་གེ་མོ་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར།

  • ཚེས23ཉིན། ཧོ་ནན་ཧྥང་ཁྲེང(河南方城)གིས་བརྡ་ཁྱབ་བཏང་བར་གཞིགས་ན། ཡེན་ཚེ་སློབ་གྲྭའི(英才学校)མེ་སྐྱོན་གྱི་འབྲེལ་ཡོད་འགན་འཁྲི་མི་སྣ7ཚོད་འཛིན་བྱས་པ་དང་། སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་གྱིས་དུས་གཅིག་ཏུ་འགན་འཁྲི་བདའ་འདེད་བརྟག་དཔྱད་བྱེད་མགོ་ཚུགས་པ་རེད།

སྲིད་ཇུས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དོ་དམ་བྱ་ཐབས་ཁྱབ་བསྒྲགས་བྱས་ནས་ཞིང་ལས་གཏོང་རྫས་དང་སྤྱིར་བཏང་རང་བཞིན་གྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་། ཞིབ་དཔྱད་ཚད་ལེན་བྱེད་ཐབས་བཅས་རྩ་དོན་ཐོག་ས་གནས་ཀྱི་ཚད་གཞི་བཟོ་མི་དགོས་པའི་གཏན་འབེབས་བྱས་ཡོད།

  • པེ་ཅིང་གིས་སློབ་གླིང་གི་ཆེད་ལས་ལག་རྩལ་མི་སྣ་ལས་བྲལ་ལས་གཏོད་བྱེད་པའི་མི་དོན་འབྲེལ་བ་སོར་འཇོག་བྱེད་དགོས་པ་ཁ་གསལ་བཟོས་ཡོད།

  • ཧོ་ནན་གྱིས《སྐྱེས་པའི་གསོ་རིག་དཔང་ཡིག(出生医学证明)》གི་དོ་དམ་དང་ཆོག་མཆན་ལས་དོན་ལ་ཚེ་གང་བོར་འགན་འཁྲི་བདའ་འདེད་ལམ་ལུགས་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

དེ་རིང་གི་གནམ་གཤིས།

4.jpg

  • ཧེ་ལུང་ཅང་གི་ཤར་རྒྱུད་དང་། ཅི་ལིན་གྱི་དབུས་ཤར་རྒྱུད། ཀན་སུའུ་ཡི་རྨ་ནུབ་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། ཤར་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་ཁངས་ཆེན་པོ་འབབ་ཀྱི་ཡོད། སི་ཁྲོན་གཤོང་ས་དང་ཡུན་ནན་གྱི་ས་ཁུལ་མང་ཆེ་བར་ཆར་པ་ཆུང་ཆུང་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་ཀྱི་རེད། ཀུའེ་ཀྲོའུ་ནུབ་ཁུལ་གྱི་ས་ཆར་འཁྱགས་ཆར(冻雨)ཡོད།