དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-01-23 07:35:37   |   262

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།     བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཡུན་ནན་ཀྲའོ་ཐུང་གྲོང་ཁྱེར་ཀྲིན་ཞུང་རྫོང་གི་རི་ཉིལ་བའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་འབྲེལ་ཆད་མི་སྣ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན།

  • ཉིན་ཤས་གོང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དོན་ཁྲིམས་འཛུགས་ལས་དོན་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ཟླ3ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།《ཕུའུ་ཏུང་གསར་སྤེལ་ཁུལ་གྱི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ལག་བསྟར་ཇུས་གཞི(2023ལོ་ནས2027ལོ་བར)》པར་འགྲེམས་བྱས་པ་རེད།

  • ཚེས22ཉིན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི5000འཕྲལ་མར་བཏང་ནས་ཡུན་ནན་ཞིང་ཆེན་གྱིས་ཀྲའོ་ཐུང་གྲོང་ཁྱེར་ཀྲིན་ཞུང་རྫོང་གི་རི་ཉིལ་བའི་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་ལ་སྤྱི་འདོམས་སྤྱོད་རྒྱུ་ཡིན་པ་རེད།

  • ཡུན་ནན་ཀྲའོ་ཐུང་གྲོང་ཁྱེར་ཀྲིན་ཞུང་རྫོང་གི་རི་ཉིལ་བའི་གནོད་འཚེ་ཐོན་ནས་དུད་ཚང18དང་མི47འབྲེལ་བ་ཆད་པ་རེད། ཚེས22ཉིན་གྱི་ཆུ་ཚོད21བར་ཉེན་ཁར་ཚུད་པའི་མི10འཚོལ་སྐྱོབ་བྱས་ཡོད།

1.jpg

  • ཚེས22ཉིན། རྒྱལ་ཁབ་སྦྲག་སྲིད་ཅུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2023ལོར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར1320.7ཟིན་པ་དང་། དུས་མཚུངས་ལས19.4%འཕར་ཡོད།

  • འགག་སྒོ་ལས་ཁུངས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། 2023ལོར་རང་རྒྱལ་གྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྡོམ་འབོར་སྒོར་དུང་ཕྱུར་ཁྲི2.38ཟིན་པ་དང་། 15.6%འཕར་ཡོད།

  • རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རང་རྒྱལ་གྱི་ནགས་ལས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྡོམ་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི9.28ཟིན་རྒྱུ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས22ཉིན། ཀྲུང་གོའི་བདམས་ཐོན་པ་ཀྲེན་ཆིན་ཝུན་གྱིས་ཧྥ་རན་སེའི་བདམས་ཐོན་པ་ཏུའོ་ཏིང་ལས་རྣམ་པར་རྒྱལ་ནས2024ཨའོ་ཝང(澳网)བུད་མེད་རྐྱང་བའི་རྩེ་གྲ་བརྒྱད་ཀྱི་ནང་དུ་ཚུད་ཡོད། 

སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་དམའ་བའི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས23ནས་ཚེས25ཉིན་བར། ཀུའེ་ཀྲོའུ་དང་། ཧུའུ་ནན། ཅང་ཤིས། ཀྲེ་ཅང་གི་དབུས་ལྷོ་རྒྱུད། ཧྥུའུ་ཅན་གྱི་ནུབ་རྒྱུད། ཀོང་ཏུང་། ཀོང་ཤིས་ཀྱི་དབུས་ཤར་རྒྱུད་སོགས་ཀྱི་དྲོད་ཚད་དམའ་ཤོས་སམ་ཡང་ན་ཆ་སྙོམས་དྲོད་ཚད་ལོ་རྒྱུས་ཀྱི་དུས་མཚུངས་ལས5℃ཡན་དམའ་རུ་འགྲོ་རྒྱུ་རེད།

  • ཚེས26ཉིན། 2024ལོའི་དཔྱིད་གསར་སྐྱེལ་འདྲེན་དངོས་སུ་མགོ་ཚུགས་པ་དང་། ཉིན་དེར་གནམ་གང་གི་མེ་འཁོར་སྤ་སེ་ཉོ་ཆོག་གི་ཡོད་པ་རེད།

  • ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་གི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་གནས་ཚུལ་ཁྱབ་བསྒྲགས་བྱས།

  • བཟོ་འཕྲིན་པུའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2023ལོའི་ལོ་མཇུག་བར། རང་རྒྱལ་གྱིས་རིམ་རྩིས་བྱས་ན་དྲ་ཚིགས2577དངApp། རང་རྒྱལ་གྱིས་བཟོས་པའི་རིག་ནུས་ལག་ཐོགས་ཁ་པར་དང་རིག་ནུས་བརྙན་འཕྲིན་དུང་ཕྱུར1.4ལྷག་ཙམ་གྱི་རྒས་འཚམ་ཅན་དང་འགོག་རྐྱེན་མེད་པའི་སྒྱུར་བཀོད་ཡོངས་འགྲུབ་བྱས།

  • 2023ལོར། རང་རྒྱལ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཀྲུང་ལུགས་གསོ་རིག་རིགས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་སྨན་བཅོས་བྱེད་ཚད་མི་ཐེངས་དུང་ཕྱུར12.8ཟིན་རྒྱུ་རེད།

  • “ཐང་ཧྲན་བསྲེགས་མའི་ཚོང་ཁང་གིས་མི་རྡུང་བའི་གྱོད་གཞི”འགེབས་སྲུང་བྱས་པ་དང་ཐང་ཧྲན་གྲོང་ཁྱེར་སྤྱི་བདེ་ཅུའི་ལུའུ་པེ་ཡན་ལག་ཅུས་ཀྱི་དེ་སྔའི་ཅུ་ཀྲང་མཱ་ཨའེ་ཅུན་ལ་ཉེས་ཆད་ལོ12བཅད་པ་རེད།

3.jpg

  • ཉེ་ཆར། རང་རྒྱལ་གྱི་ཚན་ཞིབ་མི་སྣས་ཧའེ་ནན་གླིང་ཕྲན་གྱི་ལྷོ་ནུབ་མཚོ་ཁོངས་སུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྲུང་ཧྭའི་མཚོ་ཕག་དཀར་པོ་མཐོང་བ་དང་གྲངས་འབོར20ནས30བར་ཡོད་པ་རེད།

4.jpg

  • གནའ་རྫས་རྟོག་ཞིབ་མི་སྣས་ལེང་ཀྲོའུ(良渚)དུས་སྐབས་ཀྱི་གནའ་ཤུལ་ཁྲོད་རྡོ་ཆས་ལས་སྣོན་བྱེད་ས་རྙེད། དེས་འབྲི་ཆུའི་འབབ་རྒྱུད་ཀྱི་ཡི་གེ་མ་བྱུང་གོང་གི་རྡོ་ཆས་ཐོན་སྐྱེད་བཟོ་སྐྲུན་གྱི་འབྲེལ་ཐག་གི་སྟོང་ཆ་བསྐངས་ཡོད།

5.gif

  • ཧྥུའུ་ཅན་ནན་ཕིང་གི་ལོ3ལ་སླེབས་པའི་བུ་ཞིག་ཐོག་ཁང་གི་དྲུག་ཐོག་ནས་ལྷུང་བ་དང་། ལམ་བར་དུ་ཡོད་པའི་ཚུའེ་ལེན་ཧའེ་མདུན་དུ་རྒྱུག་ནས་ཕྲུ་གུ་དེ་བཟུང་། མིག་སྔར། ཕྲུ་གུ་དེའི་ཚེ་སྲོག་ལ་གནོད་སྐྱོན་ཐེབས་མེད། 

སྲིད་ཇུས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བརྡ་ཐོ་བཏང་ནས་ཕྲུ་གུ་སྐྱེས་པའི་གསོ་རིག་དཔང་ཡིག་སོགས་སྨན་བཅོས་ཡིག་རིགས་དོ་དམ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།

  • ཧོ་པེས(河北)སློབ་གྲྭ་དང་དགེ་རྒན་གྱིས་སློབ་མ་སློབ་ཚན་གྲོལ་རྗེས་ཀྱི་ཞབས་ཞུའི་ནང་ཞུགས་རྒྱུའི་བཙན་ཤེད་ཀྱི་བླང་བྱ་བཏོན་མི་ཆོག་པ་ཁ་གསལ་བཟོས་ཡོད། 

  • ཧྥུའུ་ཅན་གྱིས་བྱེད་ཐབས་བཏོན་ནས་གསར་དུ་ཆོག་མཆན་ཐོབ་པའི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་ལ་ཐེངས་གཅིག་ལ་སྒོར་ཁྲི200ཡི་གསར་གཏོད་ལས་དོན་གྱི་བྱ་དགའ་སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

微信图片_20240123062545.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད། ཀན་སུའུ་ཡི་རྨ་ནུབ། ཧུའུ་ནན་ལྷོ་རྒྱུད། ཅང་ཤིས་ཀྱི་དབུས་ལྷོ་རྒྱུད། ཀྲེ་ཅང་གི་དབུས་ལྷོ་རྒྱུད། ཧྥུའུ་ཅན་གྱི་ནུབ་རྒྱུད། བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བ་བར་རམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་ཡོད་པ་དང་། ས་ཆ་ཁ་ཤས་སུ་ཁངས་ཆེན་པོ་འབབ་ཀྱི་རེད། ཧྥུ་ཅན་དབུས་ཤར་རྒྱུད་དང་། སི་ཁྲོན་གཤོང་སའི་དབུས་ནུབ་རྒྱུད་དང་ཡུན་ནན་ཤར་རྒྱུད། ཧྭ་ལྷོའི་ས་ཁུལ་མང་ཆེ་བ། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་ཀྱི་རེད།