དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

མངའ་རིས་དགེ་རྒྱས་རྫོང་གི་མེ་ལོང་ལྟག་ཕུག་བྲག་ཕུག་གནའ་ཤུལ2023ལོའི་རྒྱལ་ནང་གི་གནའ་རྫས་རྟོག་ཞིབ་གསར་འགྱུར་རྣམ་བཅུའི་ནང་དུ་ཚུད་འདུག

2023-12-26 10:54:11   |   2154

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་གླིང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས2023ལོའི་རྒྱལ་ནང་གི་གནའ་རྫས་རྟོག་ཞིབ་གསར་འགྱུར་རྣམ་བཅུ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་མངའ་རིས་དགེ་རྒྱས་རྫོང་གི་མེ་ལོང་ལྟག་ཕུག་བྲག་ཕུག་གནའ་ཤུལ་ཚུད་འདུག

3.jpeg

 མེ་ལོང་ལྟག་ཕུག་བྲག་ཕུག་གནའ་ཤུལ་ནི་ས་བབ་མཐོ་ཚད་སྨི་4600ལྷག་ཙམ་གྱི་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཁོངས་སུ་གནས་ཡོད་པ་དང་། བྲག་ཕུག་གཉིས་ཡོད་ཅིང་། བྲག་ཕུག་གཅིག་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1000ལྷག་ཙམ་དང་། ཅིག་ཤོས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ250ཙམ་ཡོད། དེ་ནི་མདོ་དབུས་མཐོ་སྒང་གི་དབུས་ཁུལ་དུ་གསར་རྙེད་བྱུང་བའི་ཡི་གེ་མ་བྱུང་སྔོན་གྱི་མིའི་རིགས་ཀྱི་བྲག་ཕུག་ཐོག་མ་ཡིན་ཞིང་། བྲག་ཕུག་ནས་རིགས་མི་གཅིག་པའི་ཤུལ་བཞག་དངོས་རྫས་ཁྲི་ལྷག་ཐོན་པ་དེས་ལོ་ངོ་ཁྲི་བཞི་ཡི་ཡར་སྔོན་དུ། མདོ་དབུས་མཐོ་སྒང་དུ་མིའི་རིགས་འཚོ་སྡོད་བྱས་ཡོད་པ་མཚོན་ཡོད།