དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

མདའ་བཞིའི་སློབ་མས་རྒྱལ་ཡོངས་ཀྱི"རྩ་ཁྲིམས་སློབ་སྦྱོང་དང་རྩ་ཁྲིམས་ལ་སྣང་ཆེན་བྱེད་པའི"འགྲན་བསྡུར་ཁྲོད་གྲུབ་འབྲས་བཟང་པོ་ཐོབ།

2023-11-07 09:43:49   |   3405

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


མདའ་བཞི་རྫོང་བཅའ་སྡོད་ལམ་ལུགས་མི་རིགས་སློབ་འབྲིང་གི་ལོ་རིམ་བརྒྱད་པའི་འཛིན་གྲྭ་ལྔ་བའི་སློབ་གྲོགས་ཐུང་ཧྲོའུ་ཡེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཚབ་ཞུས་ནས་པེ་ཅིང་དུ་སྐབས་བརྒྱད་པའི་རྒྱལ་ཡོངས་སློབ་མའི“རྩ་ཁྲིམས་སློབ་སྦྱོང་དང་རྩ་ཁྲིམས་ལ་སྣང་ཆེན་བྱེད་པའི”བྱེད་སྒོའི་རྒྱལ་ཡོངས་ཀྱི་མཐའ་བསྡུར་ཚོགས་པའི་བྱང་ཚད་འགྲན་བསྡུར(ཟླ9ཚེས28ཉིན་མཚོ་སྔོན་ཞིང་ཆེན་གྱི་གདམ་གསེས་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་པ)ནང་ཞུགས་པ་རེད། ངོ་མཚར་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་རུ་ཁག་ལ་ཚོགས་པའི་འགྲན་བསྡུར་ཁྲོད་ཚོགས་པའི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ་དང་། སློབ་གྲོགས་ཐུང་ཧྲོའུ་ཡེ་ལ་བྱང་ཚད་འགྲན་བསྡུར་གྱི་བདམས་ཐོན་པའི་དམའ་རིམ་ཚན་ཆུང་གི་བྱ་དགའ་ཨང་གསུམ་པའི་གྲུབ་འབྲས་བཟང་པོ་ཐོབ།

微信图片_20231107094623.jpg

ཚོགས་པའི་འགྲན་བསྡུར་ཁྲོད་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31དང་།  ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་དང་ཤང་ཀང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་བཅས་ཀྱི་བདམས་ཐོན་པ་སོ་སོས་ས་ཁུལ་གྱི་འཐུས་མིའི་རུ་ཁག་དེA.B.C.D.Eབཅས་ཚོགས་ཆུང་ལྔ་རུ་དབྱེ་ནས་འགྲན་བསྡུར་བྱེད་ཀྱིན་ཡོད། བརྡར་ཤ་གཅོད་པ་དང་སྣ་གཅིག་གདམ་གསེས། གཏན་ཚིགས་ཀྱི་བརྗོད་གཞི།  སྣ་མང་གདམ་གསེས། མྱུར་ལན་འདེབས་པ། “ཁྱེད་ཀྱི་སྐད་ཆ་ངས་ཚོད་དཔག་བྱེད་པ”བཅས་ཁག་དྲུག་གི་འགྲན་བསྡུར་གྱི་ལྷུ་ཚིགས་བརྒྱུད། བདམས་ཐོན་པ་ཚོས་རང་ཉིད་ཀྱིས“རྩ་ཁྲིམས་སློབ་སྦྱོང”བྱས་པའི་གྲུབ་འབྲས་མངོན་པ་བྱས་ནས། རང་ཉིད་ཀྱིས་རྩ་ཁྲིམས་ལ་ངོས་འཛིན་དང་ཤེས་རྟོགས་བྱེད་ལུགས་དེ་བས་གཏིང་ཟབ་པའི་སྒོ་ནས་མཚོན་པར་བྱས་ཡོད། སློབ་གྲོགས་ཐུང་ཧྲོའུ་ཡེའི་འགྲན་བསྡུར་ཁྲོད་གྲུབ་འབྲས་ལེགས་པོ་ཐོབ་ཡོད་ལ།  མི་སྒེར་གྱིས་དྲི་བར་ལན་འདེབས་པའི་བརྒྱུད་རིམ་ཁྲོད་སྐར་མ་ཆ་ཚང་ཐོབ་པ་རེད།

微信图片_20231107094629.jpg

ཐེངས་འདིའི་འགྲན་བསྡུར་བརྒྱུད་སློབ་གྲོགས་ཚོས་རྩ་ཁྲིམས་དང་ཁྲིམས་སྐྱོང་གི་སྙིང་སྟོབས་ཆེན་པོ་མྱོང་ཚོར་ཐུབ་པ་དང་། རྩ་ཁྲིམས་དང་ཁྲིམས་སྐྱོང་ལ་གོ་བ་ལོན་པ་དང་གོང་བཀུར་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ནས“རྩ་ཁྲིམས་སློབ་སྦྱོང་བྱས་ནས་རྩ་ཁྲིམས་ལ་སྣང་ཆེན་བྱེད་པའི”གྲུབ་འབྲས་དང་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།