དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

ཀྲང་ཧྲིང་ཡོན་གྱིས་ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་ཏུ་རྟོག་ཞིབ་གནང་།

2023-09-04 18:36:22   |   1086

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ། ཡོང་ཁུངས།  མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


微信图片_20230904184415.jpg

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་ཏུ་ཕེབས་ནས་རྟོག་ཞིབ་གནང་སྐབས་ཁུལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཚད་ལྡན་ཅན་དང་ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་འབད་འཐབ་དང་ཕུགས་འདུན་དོན་གཉེར་བྱས་ཏེ། ༼མཚོ་བྱང་ལྔའི༽འཛུགས་སྐྲུན་གྱི་ལེའུ་གསར་བ་རྩོམ་ཆེད་བརྟན་ལྷིང་གི་མེ་ཟོན་བདེ་འཇགས་ཁོར་ཡུག་ཅིག་གཏོད་དགོས་ཞེས་ནན་བཤད་གནང་།

རྟོག་ཞིབ་བྱེད་རིང་ཀྲང་ཧྲིང་ཡོན་གྱིས་ཡུལ་དངོས་སུ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གི་འཕྲལ་སྡོམ་རོགས་སྐྱོབ་རླངས་འཁོར་གྱི་སྒྲིག་ཆས་འགྲེམས་སྟོན་དང་དེ་བཞིན་སྦྱོང་ཚན་ཁག་གི་ལག་ལེན་བྱེད་སྟངས་ལ་ལྟ་སྦྱོང་བྱས་པ་དང་། རྫོང་ཁག་གི་མེ་ཟོན་རོགས་སྐྱོབ་ཆེད་ལས་དཔུང་ཁག་གི་སྟོབས་ཤུགས་སྦྲེལ་མཐུད་བཀོད་གཏོང་བྱས་ལ། ཁུལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་དང་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ལ་གསན་ནས། ཁུལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་ཐད་ནན་བཤད་དང་བཀོད་སྒྲིག་གནང་།

微信图片_20230904184420.jpg

ཀྲང་ཧྲིང་ཡོན་གྱིས་ཁུལ་ཡོངས་ཀྱི་རིམ་པ་སོས་སོའི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་གྱི་མཛུབ་ཁྲིད་འོག  ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཞིང་ཆེན་མེ་ཟོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་སྒྱུར་བཅོས་རིགས་སྒྱུར་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་དང་ལས་འགན་བསྒྲུབས་ནས། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བ། གནོད་འཚེའི་ལས་འཛོལ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་བསྟན།

ཀྲང་ཧྲིང་ཡོན་གྱིས་ཁུལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་དེ་ཕྱོགས་བསྡུས་རང་བཞིན་གྱི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ཆེད་ལས་སྟོབས་ཤུགས་ཤིག་ཡིན་པའི་ངོས་ནས། ལྷག་བསམ་རྣམ་དག་གིས་བྱ་སྤྱོད་ལ་བརྟེན་ནས་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལག་ལེན་བསྟར་བ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་གཞོགས་འདེགས་བྱས་ཏེ་ལེགས་སྐྱེས་གསར་པ་འབུལ་དགོས་ལ། ཏང་ལ་བློ་དཀར་སེམས་དཀར་བྱེད་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། དངོས་སྒྲུབ་ཀྱིས“མཚོ་བྱང་ལྔ”འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོར་ཞུགས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་། སྐྱིད་སྣང་། བློ་ཡིད་ཚིམ་ཚད་བཅས་སྔར་བས་ཆེ་རུ་གཏོང་དགོས། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ནས་རྒྱལ་ཁ་ལེན་པའི་འཇོན་ཐང་ཆེན་པོ་ཕྱོགས་ཡོངས་ནས་སྦྱོང་བརྡར་བྱེད་དགོས། འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་ནས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་“གཙོ་ཤུགས་དམག་དང་རྒྱལ་ཁབ་རུ་ཁག་”གི་འགན་ནུས་ངེས་གནས་ལ་དམིགས་ནས་དཔུང་ཁག་གིས་བཀའ་རྒྱ་ཐོས་རྗེས་བྱ་སྤྱོད་སྤེལ་བ་དང་དམག་འཐབ་འཕྲད་ཚེ་རྒྱལ་ཁ་ཐོབ་པ་འགན་ལེན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཉེན་ཁའི་འགག་རྩའི་དུས་སུ་འཕྲལ་མར་རྒྱུག་ཐུབ་པ་དང་། རྒྱལ་ཁ་ལེན་ཐུབ་པ་བཅས་བྱེད་དགོས། བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྲུང་སྐྱོང་འཕེལ་རྒྱས་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། མེ་ཟོན་གྱི་འདུ་ཤེས་དེ་ཐོན་སྐྱེད་དང་འཚོ་བའི་ལྷུ་ཚིགས་ཁག་ཏུ་ཁྱབ་པ་བྱས་ཏེ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དང་གནོད་འཚེ་མ་ཐོན་གོང་དུ་དངོས་འབྲེལ་ཐག་གཅོད་བྱེད་དགོས་པ་ནན་གྱིས་བསྟན།

微信图片_20230904184424.jpg

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་དེ་བཞིན་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་གནང་བར་འགྲོ་རོགས་བྱས།