དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་སྙན་སྒྲོན་པ་ཚེ་རིང་ལྷ་མོ་ལ2023ལོའི་རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་ལམ་གསན་གཟིགས་ལས་རིགས་ཀྱི་ཕུལ་བྱུང་མི་སྒེར་གྱི་མཚན་སྙན་ཐོབ།

2023-08-31 10:54:21   |   2253

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཨ་མདོ་བརྙན་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་། 


9999999.jpg

ཟླ8པའི་ཚེས16ཉིན། “བརྩོན་སེམས་བརྟན། འབུལ་པར་ཕོད། སྤྱོད་པ་གཙང”ཞེས་པ་བརྗོད་གཞི་ཡིན་པའི་རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་ལམ་གསན་གཟིགས་ཀྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་རྒྱལ་ས་པེ་ཅིན་དུ་བསྡུས།

རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ནས་ཐོན་པའི་སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་མི་སྒེར་ཉི་ཤུ་ཐམ་པ་ཡིས་སྙན་ཞུ་ཚོགས་འདུའི་ཡུལ་དངོས་ནས། ཉེ་བའི་ལོ་འགའི་རིང་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཀྱིས་བརྗོད་དོན་དྲིལ་སྒྲོག་དང་ཕུལ་བྱུང་བརྩམས་ཆོས་གསར་རྩོམ། ཚན་རིག་གསར་གཏོད། མཉམ་སྦྱོར་འཕེལ་རྒྱས། སྤྱི་བའི་ཞབས་ཞུ། རྒྱལ་སྤྱིའི་ཁྱབ་སྤེལ་བཅས་ཀྱི་ཁྱབ་ཁོངས་ནས་བྱ་གཞག་བཅོས་སྒྱུར་འཕེལ་རྒྱས་བཏང་བའི་ལག་ལེན་དངོས་ཀྱི་ཉམས་མྱོང་དང་མི་སེམས་འགུལ་བའི་གཏམ་རྒྱུད་ཚོགས་ཞུགས་མི་སྣ་ཡོངས་ལ་སྙན་ཞུ་ཕུལ།

ད་ལོའི་རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་ལམ་གསན་གཟིགས་ཀྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ནི་སྐབས་སྔོན་མའི་སྙན་ཞུ་ཚོགས་འདུ་དག་དང་བསྡུར་ན། འོས་སྦྱོར་གནང་བའི་སྔོན་ཐོན་བྱས་རྗེས་ཅན་གྱི་གྲངས་ཀ་ཆེས་མང་ཞིང་། ལས་རིགས་ཁྱབ་ཁོངས་ལ་ཁེབས་ཚད་ཆེས་ཆེ་ལ། རྒྱང་སྒྲོག་བརྙན་འཕྲིན་འཕེལ་རྒྱས་ཀྱི་དུས་རབས་རང་བཞིན་ཆེས་མངོན་པར་མཚོན་པའི་སྙན་ཞུ་ཚོགས་འདུ་ཐེངས་ཤིག་ཡིན།

ཐེངས་འདིའི་སྙན་ཞུ་ཚོགས་འདུ་ལ་རྒྱལ་ཡོངས་ནས་འོས་སྦྱོར་གནང་བའི་ཐུན་མོང་དང་མི་སྒེར་བསྡོམས་པས113ཡོད་པ་ལ་དཔྱད་འདེམ་རབ་དང་རིམ་པ་བརྒྱུད་མཐར་ཆེས་འཐུས་ཚབ་རང་བཞིན་ལྡན་པའི་སྔོན་ཐོན་ཐུན་མོང13དང་ཕུལ་བྱུང་མི་སྒེར7ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་དང་དྲ་ལམ་གསན་གཟིགས་ཀྱི་སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་མི་སྒེར་ལ་བདམས་ཐོནབྱུང་ཞིང་། ཨ་མདོ་བརྙན་འཕྲིན་གྱི་སྙན་སྒྲོན་པ་དང་མདོ་འཛིན་པ། སྙན་སྒྲོན་ཚན་ཁག་གི་མགོ་གཙོ་གཞོན་པ་ཚེ་རིང་ལྷ་མོ་ལགས་ཕུལ་བྱུང་མི་སྒེར7གྱི་ཁྲོད་ཚུད་ནས་གཟི་བརྗིད་མཚན་སྙན་བླངས་ཡོད་པ་རེད།

微信图片_20230831115006.jpg

微信图片_20230831115010.jpg

微信图片_20230831115014.jpg

微信图片_20230831115018.jpg