དེ་རིང་ནི2025ལོའི་ཟླ07པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། དེ་རིང་གི་ཚེས་ཆ།

མཚོ་བྱང་གི་ཁུལ་སྟོན། མི་དམངས་ཀྱི་དུས་ཆེན།

2023-08-05 09:43:08   |   185

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


རང་རེའི་ཚགས་པར་ཁང་གིས་སྤེལ་བའི་འཕྲིན། ཟླ8པའི་ཚེས3ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་དགའ་སྟོན་མཛད་སྒོ་ནུབ་མཚོ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་ཆིན་དབྱི་ཀྲི་དང་། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ། ཞིང་ཆེན་གྱི་མགོ་ཁྲིད་པ་པད་གོ་དང་དབྱང་ཧྥིན་ཁྲུན་བཅས་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས། ཧྲན་ཏུང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཀྲིག་ལི་ཝེ་ཡིས་རྟེན་འབྲེལ་ཤིས་ཚིག་སྒྲོག་འདོན་བྱས། ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པའམ་ཧྲེང་ཀྲང་གཞོན་པ་ཧི་ལུའུ་ཁྲུན། ཞིང་ཆེན་དམག་ཁུལ་གྱི་ཧྲའོ་ཅང་དམག་དཔོན་དང་ཆབ་སྲིད་ཨུ་ཡོན་གཞོན་པ་དབྱང་ཁི་ཞང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཧྲི་ཝུའུ་ཞང་ཕེན། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་ཀྱི་ཏང་ཙུའུ་ཁོངས་མི། ཅུས་ཀྲང་གཞོན་པ་ལིག་ཅིན་བཅས་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་ཆེན་སྟེང་ཤིས་ཚིག་ཕུལ།

11.jpg

2.jpg

ཆིན་དབྱི་ཀྲི་ཡིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་ཁུལ་ཡོངས་ཀྱི་ལས་དོན་ཁག་གི་གཙོ་གནད་དུ་བརྩི་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མི་རིགས་སོ་སོ་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། མི་རིགས་ཁག་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས་ལ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་དཔེ་སྟོན་ཡག་པོ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་མཚོ་བྱང་གི་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

33.jpg

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ལོ་ངོ་བདུན་ཅུའི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མཚོ་བྱང་གི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་བར་གནས་ཡོད་པ་དང་། འཕེལ་རྒྱས་ཀྱི་ལེགས་ཆ་སྔར་བས་འབུར་ཐོན་དང་། གོ་སྐབས་སྔར་ལས་རྒྱ་ཆེ་ལ། མ་འོངས་པར་སྔར་ལས་རེ་བས་ཁེངས་ཡོད། མཚོ་བྱང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁུལ་ཡོངས་ཀྱི་བྱ་བའི་ལག་ལེན་ཁྲོད་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱེད་དགོས། ཆབ་སྲིད་ལེགས་སྐྱོང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གཏན་ཁེལ་གཉིས་ལ་གོང་བཀུར་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་ཐུབ་པར་ཁག་ཐེག་བྱ་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་དང་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་ལ་དམིགས་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་འཛུགས་པ་དང་། མཚོ་བྱང་གི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་འཛུགས་སྐྲུན་དམ་འཛིན་བྱེད་པ་གཞིར་བཟུང་ནས། རི་ཆུ་ནགས་ཞིང་དང་མཚེའུ། བྱེ་ཐང་། འཁྱག་དར་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་མཚོ་བྱང་གི་སྣང་བརྙན་གསར་པ་བསྐྲུན་པ་དང་། བློ་བརྟན་འགྱུར་མེད་ངང་དམངས་ཚིས་བདེ་སྐྱིད་ཇེ་ཆེར་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་དཔལ་འབྱོར་འཛུགས་སྐྲུན་དང་ཆབ་སྲིད་འཛུགས་སྐྲུན་། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཏང་འཛུགས་སྐྲུན་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་མཚོ་བྱང་གི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་དགོས།

44.jpg

55.jpg

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་མགོ་ཁྲིད་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁ་ཤས། ཁེ་ལས་དང་ལས་དོན་སྡེ་ཚན། མཐོ་རིམ་སློབ་གྲྭ། དངུལ་རྩའི་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་དང་། ཧྲན་ཏུང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། ཁྱིམ་མཚེས་ས་ཁུལ་གྱི་འཐུས་ཚབ་ཚོགས་པའི་མགོ་ཁྲིད་སོགས་རྟེན་འབྲེལ་མཛད་སྒོར་ཞུགས་ཡོད། མཚོ་བྱང་གི་རིགས་སོ་སོའི་མང་ཚོགས་ཀྱིས་ལོ་འཁོར་བདུན་ཅུའི་དུས་སྟོན་ལ་རྟེན་འབྲེལ་ཞུ་བའི་ལེགས་སྐྱེས་སུ་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པ་བྱས། །

66.jpg

77.jpg

88.jpg